ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་སེམས་ཁམས་བདེ་ཐང་ལ་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཟླ་6ཚེས་9ཉིན་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་རྣམ་གྲངས་གཞུང་དོན་ཁང་གིས་ལྷ་སར་“རང་ཉིད་ལ་གཅེས་སྐྱོང་། སེམས་ཁམས་ནས་འགོ་བརྩམས་པའི”བརྗོད་དོན་གཙོ་བོའི་འཆད་ཁྲིད་གཉེར་བ་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དང་བླངས་པ་200ལྷག་ཙམ་དེའི་ནང་ཞུགས་པ་རེད།
འཆད་ཁྲིད་དེ་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐེན་ཡོན་གྱིས་གཙོ་ཁྲིད་གནང་བ་རེད། ཁོང་གིས་“རང་ཉིད་ལ་ལྟ་རྟོག་ནན་པོ་བྱེད་པ་”“སེམས་ཁམས་ལ་ལུགས་མཐུན་ངང་ལྟ་རྟོག་བྱེད་པ”“འབྲེལ་བ་ཐག་གཅོད་འོས་འཚམས་བྱེད་པ་”བཅས་ལེའུ་ཆེན་པོ་གསུམ་ལ་དམིགས་ནས་སྤེལ་བ་རེད། དགེ་རྒན་ཆེན་མོ་ཐེན་ཡོན་གྱིས་བོད་ཀྱི་དང་བླངས་ཞབས་ཞུའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྱོད་དཔེ་དབྱེ་ཞིབ་དང་རིགས་པའི་གཞུང་ལུགས་འགྲེལ་བཤད་བྱས་པ་བརྒྱུད་ནས་དང་བླངས་པས་རང་ཉིད་ལ་ངོས་འཛིན་དང་ས་མཐོའི་ལས་དོན་ཁྲོད་བདེ་ཐང་ངང་འཚོ་བ་དང་སེམས་ཁམས་སྙོམས་སྒྲིག་བྱེད་ཐབས། ལྡོག་ཕྱོགས་ཀྱི་སེམས་ཁམས་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་ས་གནས་ས་ཐོག་ཏུ་སེམས་ཁམས་ཀྱི་ཉིན་ཐོ་དང་དབུགས་འབྱིན་རྔུབ་ཟབ་མོ་སྙོམ་སྒྲིག་སོགས་ཀྱི་དངོས་སྤྱོད་ཐབས་རྩལ་གསལ་སྟོན་བྱེད་པ། ལས་ཁུངས་ཀྱི་རྣམ་པ་མཉམ་སྤྱོད་དང་འབྲེལ་གཏུག་ཐབས་ཇུས། མི་དང་མིའི་བར་གྱི་འབྲེལ་བ་འཛུགས་པའི་བྱ་ཐབས་དང་ཟུང་འབྲེལ་བྱས་ཏེ་ཐུན་མོང་གི་བརྩེ་དུང་དང་གནས་བབ་བརྗེས་ཏེ་བསམ་གཞིག་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད།
འཆད་ཁྲིད་ཁྲོད་དགེ་རྒན་ཆེ་མོ་བ་ཐེན་ཡོན་གྱིས་མཉམ་འགུལ་འདྲི་ལན་དང་གནས་ཚུལ་ལད་ཟློས་བྱས་པ་བརྒྱུད་ནས་ས་མཐོ་དང་འཚམ་པ། ལས་ཀ་དང་འཚོ་བ་དོ་མཉམ་ལྡན་པ་སོགས་ཀྱི་དང་བླངས་པའི་སོམ་ཉི་ལ་ལན་བཏབ་ནས་དངོས་སྤྱོད་གྲོས་འགོར་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་ཐོབ་ཡོད། གསོ་སྦྱོང་ནང་ཞུགས་པའི་དང་བླངས་པ་ཡེ་ཤེས་བསྟན་འཛིན་གྱིས“ད་ཐེངས་ཀྱི་འཆད་ཁྲིད་ནང་དོན་ཕུན་སུམ་ཚོགས་པས། ངའི་སེམས་ཁམས་བདེ་ཐང་ངོས་འཛིན་ལ་ནོར་འཁྲུལ་ཡོ་བསྲང་བྱས་པ་མ་ཟད། ད་དུང་ད་ལྟ་སློབ་སྦྱོང་དང་ད་ལྟ་སྤྱོད་པའི་སྙོམ་སྒྲིག་བྱེད་ཐབས་མང་པོ་ཞིག་ཤེས་རྟོགས་བྱུང་བས། འབྱུང་འགྱུར་གྱི་དང་བླངས་ཞབས་ཞུའི་ལས་དོན་ལ་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང་”ཅེས་བཤད།
གོམ་སྟབས་རྗེས་མར་རྣམ་གྲངས་གཞུང་དོན་ཁང་གིས་རྣམ་པ་མང་པའི་སེམས་ཁམས་བདེ་ཐང་གི་ཞབས་ཞུ་མུ་མཐུད་སྤེལ་ནས་དང་བླངས་པ་བོད་དུ་སྔར་ལས་ལེགས་པའི་སྒོ་ནས་རྩ་བ་ཚུགས་པ་དང་བོད་ལ་ཞབས་འདེགས་ཞུ་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།