http://zw.xzqnb.cn/Content/weixinlogo.png
འདི་ནི་སྡེ་ཚོགས་ནང་ཞུགས་པའི་བྱེད་སྒོ་ཐན་ཀོན་སན་དྲན་གསོའི་གླི
http://zw.xzqnb.cn/m/content/2025-05/16/001189.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི“རྨང་རྡོ”ལྟ་བུ་ཞིག་བྱེད་འདོད་ཡོད།

དོག་སྡེ་ཁྲོམ་གཞུང་གིས“གཞི་རིམ་བཅོས་སྐྱོང་གཞོན་ནུ་གཏམ་བཤད་པའི”བརྗོད་བྱ་གཙོ་བོའི་གཏམ་བཤད་འགྲན་བསྡུར་གཉེར་བ།

རང་ལྗོངས་ཀྱི་མཐོ་སློབ་སློབ་མ་100ལྷག་ཙམ་གཅིག་བསྡུས་ཐོག་སྡེ་ཚོགས་ནང་ཞུགས་པ།

等待处理…

རང་ལྗོངས་ཀྱི་མཐོ་སློབ་སློབ་མ་100ལྷག་ཙམ་གཅིག་བསྡུས་ཐོག་སྡེ་ཚོགས་ནང་ཞུགས་པ།

2025年05月16日

འདི་ནི་སྡེ་ཚོགས་ནང་ཞུགས་པའི་བྱེད་སྒོ་ཐན་ཀོན་སན་དྲན་གསོའི་གླིང་དུ་འཚོགས་པའི་རྣམ་པ་ཡིན།

ལྔ་བཞིའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཧུར་བརྩོན་དང་བློ་སྟོབས་ལྡན་པའི་སྙིང་སྟོབས་ཀྱི་རྣམ་འགྱུར་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བ། ཟླ་4ཚེས་30ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྱིས་གཙོ་གཉེར་བྱས་པ་དང་བོད་ལས་རིགས་རྩལ་སློབ་གླིང་གི་སྒྲུབ་འགན་འཁུར་བའི་“གཞོན་ནུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་འཁུར་དགོས”ཞེས་པའི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་དཔེ་སྟོན་སྡེ་ཚོགས་ཉིན་མོའི་བྱེད་སྒོ་ཐན་ཀོན་སན་དྲན་གསོའི་གླིང་དུ་འཚོགས་པ་རེད།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། ལྗོངས་སློབ་གསོ་ཐིང་། ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ལྗོངས་ནང་ཁུལ་གྱི་མཐོ་སློབ་ཁག་གི་སྡེ་ཚོགས་རིག་པའི་ལས་ཀའི་འགན་འཁུར་སློབ་གཙོ་གཞོན་པ། སྡེ་ཚོགས་ཀྱི་མི་གསར་རྙིང་གི་འཐུས་མི་བཅས་ཁྱོན་མི་180ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

སྔ་དྲོའི་ཆུ་ཚོད་10པར་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་གསོ་རིག་སློབ་ཆེན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླེང་། ལྷ་ས་དགེ་འོས་སློབ་ཆེན། བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་མཐོ་སློབ་ལྔ་ནས་ཡོང་བའི་ཚོགས་མི་གསར་པ་དང་རྙིང་པས་གྲལ་འགྲིག་པོས་མཉམ་དུ་དམ་བཅའ་བཞག་ནས་ཐུན་མོང་ཐོག་སྡེ་ཚོགས་ནང་ཞུགས་པའི་མཛད་སྒོར་ཞུགས་པ་དང་། འགོ་ཁྲིད་དང་ཚོགས་མི་རྙིང་པའི་འཐུས་མིས་ཚོགས་མི་གསར་པར་ཚོགས་པའི་རྟགས་འདོགས་པ་དང《ཚོགས་མིའི་ལག་ཁྱེར》སྤྲད་ཡོད།

སྡེ་ཚོགས་ནང་ཞུགས་པའི་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་མི་གསར་པ་དང་ཚོགས་མི་རྙིང་པའི་འཐུས་མི་ཁག་དབྱེ་ནས་ཐན་ཀོན་སན་དྲན་གསོའི་གླིང་གི་འགྲེམས་ཁང་ལ་ལྟ་སྐོར་བྱས་པ་བརྒྱུད། ལོ་རྒྱུས་ཀྱི་འདྲ་པར་རེ་རེ་བཞིན་དང་། རིག་དངོས་རྩ་ཆེན་རེ་རེ། དཔའ་བོའི་བྱས་རྗེས་དུམ་བུ་རེ་རེ་བཅས་ཀྱིས་བོད་ཀྱི་གཡོ་འགུལ་ཆེ་བའི་ལོ་ཟླ་དམར་པོ་བསྐྱར་དྲན་དང་གསར་བརྗེའི་མེས་པོ་ཚོའི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་འདུ་ཤེས་ལ་ཤེས་རྟོགས་བྱས་ཡོད། རྒྱལ་ཡོངས་ཀྱི་སློབ་ཁྲིད་མི་གསོ་སྐྱོང་གི་མིག་དཔེ་བོད་ལྗོངས་ལས་རིགས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཨའེ་ཕིང་གིས《སྡེ་ཚོགས་ལོ་རྒྱུས་ཁྲོད་ཀྱི་རྟགས་དམར་པོའི་སྙིང་སྟོབས་རྒྱུན་འཛིན་》ཞེས་པའི་ཁ་བྱང་ཐོག་ནས་ཚོགས་མི་གསར་རྙིང་ལ་སྡེ་ཚོགས་སློབ་ཁྲིད་གནང་བ་རེད།

བོད་ལྗོངས་ལས་རིགས་རྩལ་སློབ་གླིང་གི་སློབ་གྲོགས་ཝང་ཞུས་ནི་ད་ཐེངས་གཅིག་བསྡུས་ཐོག་སྡེ་ཚོགས་ནང་ཞུགས་པའི་ཚོགས་མི་གསར་པའི་གྲས་ཤིག་ཡིན་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་ཁོང་གིས་ “དམིགས་བསལ་གྱི་ཉིན་མོ་དང་དམིགས་བསལ་གྱི་ས་གནས་འདི་ནས་སྡེ་ཚོགས་ཀྱི་རྩ་འཛུགས་ནང་ཞུགས་ཐུབ་པར་ངའི་བསམ་པར་དོན་སྙིང་སྤྱིར་བཏང་མ་ཡིན་པས། གསར་བརྗེའི་གཏམ་རྒྱུད་ཤེས་རྟོགས་དང་སྡེ་ཚོགས་རྩ་འཛུགས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་བཅས་ལ་ཉན་པས་ང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་བས། དེ་ནི་མཛད་སྒོའི་ཚོར་སྣང་གིས་ཁེངས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་ཞིག་རེད་”ཅེས་བཤད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博