“བློ་གྲོས་བཅོས་སྐྱོང་ངོ་མ་ནི་ལག་རྩལ་བྱེད་ཐབས་སྔོན་ཐོན་དུ་གནས་པ་མ་ཡིན་པར། གྲོང་མིའི་བདག་པོའི་སྙིང་སྟོབས་སྐུལ་སློང་བྱེད་ཐུབ་མིན་ལ་ཐུག་ནས་གཞི་རིམ་བཅོས་སྐྱོང་ལ་དེང་རབས་བཅོས་སྐྱོང་གི་ཞིབ་ཚད་ལྡན་ལ་མང་ཚོགས་ལས་ཀའི་དྲོད་ཚད་ཀྱང་རྒྱུན་འཁྱོངས་བྱེད་ཐུབ་མིན་ལ་ང་ཚོས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་དུས་རབས་གསར་པས་ང་ཚོ་གཞོན་ནུ་སྤྱི་ཚོགས་ལས་བཟོ་པར་སྤྲད་པའི་ལས་འགན་དང་འགན་འཁྲི་ཞིག་རེད།”
“ལྔ་བཞིའི”གཞོན་ནུའི་དུས་ཆེན་ཐེངས་76པའི་སྐབས་སུ་ཟླ་4ཚེས་30ཉིན་དོག་སྡེ་ཁྲོམ་གཞུང་གིས“ལོན་སོན་གྱིས་བྱས་རྗེས་དུས་རབས་གསར་པར་བཞག སྤྱི་ཚོགས་ལས་བཟོ་པའི་གདོང་ལེན་གྱིས་འགན་འཁྲི་མངོན། གཞི་རིམ་བཅོས་སྐྱོང་གཞོན་ནུའི་གཏམ་བཤད་”ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གཉེར་བ་དང་། གྲོང་ཚོ(སྡེ་ཁུལ)6ནས་ཡོང་བའི་གཞོན་ནུ་སྤྱི་ཚོགས་ལས་བཟོ་པའི་འཐུས་མི་དང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཚན་པའི་ཁོངས་མི། གྲོང་ཚོ(སྡེ་ཁུལ)ལས་བྱེད་པའི་འཐུས་མི། གྲོང་མི་མང་ཚོགས་ཀྱི་འཐུས་མི་སོགས་མི་40བྱེད་སྒོའི་ནང་ཞུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་གྱི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་12ཡིས་གཞི་རིམ་བཅོས་སྐྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས། རང་ངོས་ཀྱི་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་རིང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཁུལ་ཆུང་ལ་གསོན་ཤུགས་གསར་པ་མངོན་པར་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་། འགལ་ཟླ་འདུམ་འགྲིག་ཁྲོད་ངང་རྒྱུད་རིང་པོ་དང་བློ་གྲོས་ལ་བརྟེན་ནས་ཁྱིམ་མཚེས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པ་དང་སྡེ་ཁུལ་གྱི་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་རྩ་ཆེན་དང་། དམངས་འཚོ་ཞབས་ཞུའི་ཁྱབ་ཁོངས་སུ། གྲོང་མིའི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་ཏེ། སྙིང་ཉེ་བའི་ཞབས་འདེགས་ཞུ་བའི་སེམས་དྲག་བྱེད་ཐབས་འདོན་སྤྲོད་བྱེད་དགོས། གཏམ་རྒྱུད་དེ་དག་ནི་རླབས་ཆེན་ཞིག་མིན་མོད། འོན་ཀྱང་གཞོན་ནུ་སྤྱི་ཚོགས་ལས་བཟོ་པས་ལས་གནས་ལ་དགའ་ཞེན་བྱེད་པ་དང་། གྲོང་མིར་ཐུགས་ཁུར་བྱེད་པ།འགན་འཁྲི་བརྟན་སྲུང་བྱེད་པ་བཅས་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་འགྲན་བསྡུར་ནང་བྱ་དགའ་དང་པོ་1དང་བྱ་དགའ་གཉིས་པ་2 བྱ་དགའ་གསུམ་པ་3 ཕུལ་བྱུང་བྱ་དགའ་6བཅས་དཔྱད་འདེམས་བྱས་པ་རེད། “ཐེངས་འདིའི་འགྲན་བསྡུར་ནི་རང་ཉིད་མངོན་པའི་གོ་སྐབས་ཤིག་ཡིན་པ་མ་ཟད། སློབ་སྦྱོང་དང་སྤེལ་རེས་ཀྱི་ཉམས་མྱོང་རྩ་ཆེན་ཞིག་ཀྱང་ཡིན། བདམས་ཐོན་པ་གཞན་དག་དང་སྤེལ་རེས་བྱས་པ་བརྒྱུད་ང་ལ་གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་བཟང་པོ་དང་ཐབས་ཤེས་བཟང་པོ་མང་པོ་ཐོབ་ཡོད”ཅེས་བྱ་དགའ་དང་པོ་ཐོབ་མཁན་བསྟན་འཛིན་བག་དྲོས་བཤད།
དོག་སྡེ་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཧྲི་ཁུན་གྱིས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བརྩིས་ནས“ལྔ་བཞིའི”སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་རྒྱ་ཆེའི་གཞོན་ནུ་སྤྱི་ཚོགས་ལས་བཟོ་པས་དམངས་ཀྱི་བརྩེ་སེམས་རྒྱུན་འཁྱོངས་བྱས་ནས་མི་སྒེར་གྱི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་ལྕག་སྐུལ་བྱ་རྒྱུ་དང་། སྲང་ལམ་གྱི་ས་ཁོངས་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ།འཆམ་མཐུན་མཛེས་སྡུག་ལྡན་པའི་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཚེ་རིང་ཐར་གྱིས་བསྒྱུར།