http://zw.xzqnb.cn/Content/weixinlogo.png
སེམས་པ་ནི། སྟོང་ཆེན་པོའི་འཇིག་རྟེན་ཁམས་དང་འདྲ་སྟེ། དེར་དབུས་ད
http://zw.xzqnb.cn/m/content/2025-05/02/001174.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

《ཆོས་རྗེ་ལོ་རས་པའི་རྣམ་ཐར་》ལས་ལྷ་སའི་སྐད་ཀྱི་ཕྲད་དང་ཐ་སྙད་སྐོར་ཅུང་ཙམ་གླེང་བ།

༄༅། །སེམས་ཀྱི་རང་བཞིན།

等待处理…

༄༅། །སེམས་ཀྱི་རང་བཞིན།

作者 རྟ་ནག་འགྱུར་མེད་རྡོ་རྗེ།
2025年05月02日

སེམས་པ་ནི། སྟོང་ཆེན་པོའི་འཇིག་རྟེན་ཁམས་དང་འདྲ་སྟེ། དེར་དབུས་དང་མཐའ་མེད། སེམས་པ་ནི། བརླན་གཤེར་གྱི་ཆུ་དང་འདྲ་སྟེ། དེར་དབྱིབས་དང་ཁ་དོག་མེད། སེམས་པ་ནི། ཡང་ཡང་གཡོ་བའི་རྣམ་རྟོག་གི་རླུང་སྟེ། དེ་འཛིན་ན་འཛིན་དུ་མེད་ལ་དོར་ན་དོར་དུ་མེད།

སེམས་པ་ནི། ཆགས་སྡང་གི་བྲན་གཡོག་ཅིག་སྟེ། བདེ་བ་འདོད་ཀྱང་སྲུང་དཀའ་ལ། སྡུག་མི་འདོད་ཀྱང་འདོར་དཀའ། ཆགས་སོང་ན། ཡོད་ཚད་ཁྱོད་ལ་དབང་བར་འདོད་ལ། སྡང་སོང་ན། ཡོད་ཚད་ཁྱོད་དང་འབྲལ་བར་འདོད། དེས་ན། ཆགས་སྡང་གི་ལྡེ་མིག་རེ་རེས། ནང་སེམས་ཀྱི་འཇིག་རྟེན་རེ་རེའི་སྒོ་མོ་འབྱེད་བཞིན་ཡོད།

སེམས་པ་ནི། བྱིས་པ་ཞིག་དང་འདྲ་སྟེ། དགའ་ཆོག་ཆོག་དང་སྐྱོ་ཆོག་ཆོག་ཅིག་རེད། དགའ་སོང་ན། འཇིག་རྟེན་གྱི་བདེ་བ་ཡོད་ཚད་ཁྱོད་ཀྱིས་མྱོང་ཐུབ་ལ། སྡུག་སོང་ན། སྡུག་བསྔལ་ཡོད་ཚད་ཁྱོད་ཀྱིས་མྱངས་ཡོང་། དེས་ན། དགའ་སྐྱོའི་བསམ་པ་རེ་རེ་ནི། ནང་སེམས་ལ་དབང་སྒྱུར་བྱེད་མཁན་རེ་རེ་རེད།

སེམས་ཀྱི་འདོད་པ་ནི། ལྟོགས་པ་ཟས་འདོད་དང་སྐོམ་པ་ཆུ་འདོད་བཞིན་ངང་ངམ་ཤུགས་ཀྱིས་འཕེལ་ཡོང་བས། འདོད་ཆུང་ཆོག་ཤེས་བྱེད་རྒྱུ་ནི་ཅི་འདྲའི་དཀའ་ཨང་། ཟིན་དཀའ་བ་ནི་ཚོད་དང་ཐེག་དཀའ་བ་ནི་སྐྱིད་རེད་ཟེར་བ་ཡང་བདེན་པར་འདུག མཚམས་ལན་རེར། ཚད་མེད་ཀྱི་སྡུག་བསྔལ་གྱིས་ཁྱོད་ལ་བདེ་བའི་ལམ་སྟོན་ལ། སྐབས་འགའ་རེར། འཆི་ཉེན་གྱི་འཇིགས་པས་ཁྱོད་ལ་ཚེ་སྲོག་གི་རིན་ཐང་སྟོན་ངེས། སེམས་པས། ལེགས་ཉེས་དང་ཡག་སྡུག་གི་དབྱེ་བ་མང་དུ་འབྱེད་ཅིང་། རང་སེམས་ཀྱང་དེ་དག་གི་དབང་དུ་ཤོར་ཕྱིན་ནས། བདེ་སྐྱིད་ཟེར་བ་གང་འདྲ་ཡིན་མིན་དང་། སྡུག་བསྔལ་ཟེར་བ་གང་ལ་གོ་མིན་གྱི་སྒྲོ་བཏགས་བྱེད་འགོ་ཚུགས་པ་འདྲ། ཡག་ཉེས་ཀྱི་སྒྲོ་བཏགས་རེ་རེས། ཆགས་སྡང་གི་ལམ་སྣེ་རེ་རེ་འདྲེན་ཡོང་ཞིང་། ཡག་ཉེས་ཀྱི་སྒྲོ་བཏགས་རེ་རེས། ཆགས་སྡང་གི་ལམ་སྣེ་རེ་རེ་འདྲེན་དུས། ཟིན་དཀའ་བ་ནི་ཚོད་དང་ཐེག་དཀའ་བ་ནི་སྐྱིད་ཡིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博