http://zw.xzqnb.cn/Content/weixinlogo.png
འདི་ནི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པས་ཀྲུང་ཧ
http://zw.xzqnb.cn/m/content/2025-04/11/001133.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66འཁོར་བར་དྲན་གསོའི་ཁྱབ་བསྒྲགས་བྱས་པ།

“དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ”

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་བརྟག་ཞིབ་གནང་བ།

等待处理…

“དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ”

ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི“ཆིང་མ་ལས་དོན”གྱི་གསོ་སྦྱོང་ལྷ་སར་སྤེལ་བ།

2025年04月11日

འདི་ནི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པས་ཀྲུང་ཧྭ་མི་རིགས་ཐུན་མོང་འདུ་ཤེས་ཚོགས་པའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ་བསྐྱོད་པའི་རྣམ་པ་ཡིན།

2025ལོའི“3•28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་རྣམ་གྲངས་གཞུང་དོན་ཁང་གིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་200ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། “དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ”ཞེས་པའི་གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་ལས་དོན་གྱི་བྱེད་སྒོ་སྤེལ་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་ཅིན་ཧའེ་པོའོ་ཡིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་ལམ་བུ་དང་རྒྱབ་ལྗོངས། དོན་རྐྱེན་གལ་ཆེན་བཅས་ལ་དམིགས་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་ལས་བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་འཕེལ་རྒྱས། དེ་བཞིན་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ཞིབ་པར་བཤད་དེ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་སུ་ཅུག་པ་རེད། བོད་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་འདུ་ཤེས་ཚོགས་པའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ་དང་བླངས་པ་རྣམས་ཀྱིས་འགྲེམས་སྟོན་དངོས་རྫས་དང་གཟུགས་བཪྙན་དཔྱད་གཞི་ལ་ལྟ་བ། ཡུན་རིང་ལོ་རྒྱུས་ཁྲོད་བོད་ཀྱི་མི་རིགས་ཁག་གིས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་བརྒྱུད་རིམ། དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་འཛམ་གླིང་མི་ཚང་མས་དོ་སྣང་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་བྱས་པ་རེད།

གསོ་སྦྱོང་ནང་ཞུགས་པའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་ཧོ་ཡུས་ཏས་“དེ་རིང་གི་སྦྱོང་བརྡར་ལས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་ངས་ཕྱོགས་ཡོངས་ནས་ངོས་འཛིན་ཐུབ་བྱུང་བས། ང་ནི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་སྔར་བས་བརྟན་པོ་འཛིན་རྒྱུ་ཡིན”ཞེས་བཤད་པ་རེད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博