སྤྱི་ཚོགས་འདིའི་ཁྲོད་དུ་མི་མང་པོ་ཞིག་ཚང་མའི་མིག་ནང་གི་གནད་འགག་ཏུ་འགྱུར་སྲིད། མི་མང་པོ་ཞིག་གིས་སྐད་གྲགས་ཆོད་པའི་མི་ཁོ་ནར་དོ་སྣང་བྱེད་པ་ལས་ཁ་རོག་གེར་བྱ་བ་སྒྲུབ་མཁན་རྣམས་ལ་དོ་སྣང་མི་བྱེད། ཁོ་ཚོས་མི་སྣ་གྲགས་ཅན་སྔར་ལས་མིག་དབང་འཕྲོག་པའི་ཆེད་དུ་རང་ཉིད་ཀྱི་འོད་སྣང་བློས་གཏོང་བར་མི་འཛེམ་པ་རེད། ནོར་མེད། ཁ་རོག་གེར་ལས་ཀ་སྒྲུབ་པ་དེ་ཡིན།
མི་མང་པོས་མཛེས་སྡུག་ལྡན་པའི་རྒྱ་སེ་མེ་ཏོག་སྟེང་དུ་ཚེར་མས་ཁེངས་པར་འཁང་ར་བྱེད་མོད། འོན་ཀྱང་རྒྱ་སེ་མེ་ཏོག་གི་མཛེས་སྡུག་མངོན་ཆེད་ཚེར་མས་བརྒྱན་པར་བཀའ་དྲིན་ཞུ་མཁན་མེད། འདི་ནི་ངོ་མ་ཟུར་ཟ་ཞིག་རེད། མི་སུ་ཞིག་གིས་ཀྱང་དོན་དངོས་སུ་ཕུན་སུམ་ཚོགས་པ་ཞིག་མིན་པར་གནས་པ་ནི་ཕུན་སུམ་ཚོགས་པའི་ཆེད་དུ་གནས་པ་ཞིག་ཡིན་པར་མི་འདོད། མེ་ཏོག་པད་མས་ཁེངས་པའི་རྫིང་བུའི་ནང་ལྗང་མདོག་གི་པད་མའི་ལོ་མ་ལ་དོ་སྣང་བྱེད་མཁན་མེད་ལ། འོད་སྟོང་འབར་བའི་མེ་ཏོག་དེ་ལ་དོ་སྣང་བྱེད་མཁན་ཡང་མེད་པ་འདི་ནི་ཅི་འདྲའི་མིག་རྒྱང་ཐུང་བ་ཞིག་རེད་ཨང་། མེ་ཏོག་རྣམ་པར་བཀྲ་བར་བཞད་པའི་སྐབས་སུ་ལྗང་མདོག་གི་ལོ་མ་སྔར་བཞིན་རྒྱུན་ལྡན་ལྟར་ལྗང་མདོག་ཡིན་པ་རེད། དེ་ནི་མི་རྣམས་ཀྱིས་མཐོང་ཆེན་བྱེད་དགོས་པ་མིན་ནམ། སྤྱི་ཚོགས་འདིར་མི་ཚང་མ་མི་སྣ་གྲགས་ཅན་ཞིག་ཏུ་འགྱུར་འདོད་པ་ལས་དམའ་རིམ་ནས་ཁ་རོག་གེར་རང་ཉིད་བློས་གཏོང་བའི་མི་སྣ་ཆུང་ཆུང་ཞིག་བྱེད་འདོད་མཁན་ཧ་ཅང་ཉུང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་གལ་ཏེ་ཚང་མ་མི་སྣ་ཆེན་པོ་བྱེད་པ་ལས་མི་སྣ་ཆུང་ཆུང་བྱེད་མཁན་མེད་ན་སྤྱི་ཚོགས་འདི་ལ་འགྱུར་ལྡོག་ཅི་འདྲ་ཞིག་འབྱུང་སྲིད། ད་ལྟ་སྤྱི་ཚོགས་འདིའི་ཆེད་དུ་བློས་གཏོང་བཞིན་པའི་མི་དེ་དག་ནི་ཅོང་བརྡ་ཞིག་གི་ཆེད་དུ་འབད་བརྩོན་ལྷོད་མེད་ཀྱིས་འཁོར་ལོ་སོ་ཅན་ཆུང་ཆུང་འགུལ་བ་དང་འདྲ་བར་འཁོར་ལོ་སོ་ཅན་ཆེན་པོ་སྐུལ་ཁྲིད་བྱེད་ཆེད་འཁོར་མཚམས་མི་འཇོག་པ་རེད།
དཔའ་བོ་ནི་ཅི་ཞིག་རེད། གསོན་འདོད་ཀྱང་འཆི་བར་མི་སྐྲག་པའི་མི་ཡིན་ནམ་ཡང་ན་གསོན་ཡོད་པའི་མི་མུ་མཐུད་དུ་གསོན་པའི་ཆེད་དུ་འཆི་བར་མི་སྐྲག་པའི་མི་ཡིན། ཕྱི་མ་དེ་ཡིན་པ་སྨོས་ཅི་དགོས། ཚིག་གོང་གི་དམིགས་ཡུལ་ནི་རང་ཉིད་ཀྱི་ཆེད་དུ་ཡིན་པ་དང་ཕྱི་མ་ནི་མི་གཞན་གྱི་ཆེད་དུ་ཡིན། འདི་ནི་ཁ་རོག་གེར་བློས་བཏང་བའི་མི་དེ་དག་དང་འདྲ་བར་རང་ཉིད་ཀྱི་ཆེད་དུ་བསམ་བློ་ཁོ་ན་གཏོང་བའི་མི་ནི་དོན་དངོས་སུ་རླབས་ཆེན་ཞིག་མིན། མི་གཞན་གྱི་ཆེད་དུ་བློས་བཏང་བའི་མི་དེ་དག་ནི་རླབས་ཆེན་ཡིན། མི་དེ་ལྟ་བུ་ནི་འཚོ་བའི་ཁྲོད་གང་ས་གང་དུ་ཡོད། མི་དེ་དག་མཐོང་ན་ངས་སེམས་གཏིང་ནས་གུས་བཀུར་བྱེད། རྒྱུ་མཚན་ནི་ཁོ་ཚོ་ནི་ང་ཚོ་ལོ་ཆུང་ཚོས་སློབ་སྦྱོང་བྱེད་འོས་པའི་མི་སྣ་དག་ཡིན་པས་སོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།