http://zw.xzqnb.cn/Content/weixinlogo.png
དཔྱིད་ཀ་ནི་སྐྱེ་དངོས་ཚང་མ་སླར་གསོ་བྱེད་པའི་དུས་ཚིགས་ཤིག་ཡིན།
http://zw.xzqnb.cn/m/content/2025-03/28/001118.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ནམ་ཡང་དྲན་གསོ་འོས་པའི་3•28

༄༅། །དཔྱིད་ཀ་སླེབས་བྱུང་།

༄༅། །བོང་བུ་ཞིག་ཁྲོན་པར་ལྷུངས་རྗེས།

༄༅། །ཁ་རོག་གེར་ལས་ཀར་འབད་དགོས།

等待处理…

༄༅། །དཔྱིད་ཀ་སླེབས་བྱུང་།

作者 བསྟན་འཛིན་སྒྲོལ་མ།
2025年03月28日

དཔྱིད་ཀ་ནི་སྐྱེ་དངོས་ཚང་མ་སླར་གསོ་བྱེད་པའི་དུས་ཚིགས་ཤིག་ཡིན། ང་ཚོའི་ས་ཆར་དཔྱིད་ཀ་སླེབས་པའི་དུས་ཚོད་ནི་སྤྱི་ཟླ་གསུམ་པ་ནས་ལྔ་པའི་གཡས་གཡོན་དུ་ཡིན་ཞིང་། དཔྱིད་ཀ་ནི་ས་དྲོད་འཕེལ་བའི་དུས་ཚིགས་བཟང་པོ་ཞིག་རེད།

དཔྱིད་ཀའི་དུས་ཀྱི་སློབ་གྲྭ་ནི་དགུན་དུས་དང་ཁྱད་པར་ཧ་ཅང་ཆེ་སྟེ། དགུན་ཁར་ཁ་བ་འབབ་སྐབས་གངས་མི་ཞུ་བ་དང་། སློབ་གྲོགས་ཚང་མས་ཕན་ཚུན་གངས་རྩེད་ལ་རོལ་བ། གངས་མཐུག་པའི་སྐབས་སུ་མགྱོགས་པོར་གཙང་ཕྱགས་མ་ཐུབ་ཚེ་ཚང་མ་འཁྱགས་པར་གྱུར་ནས་འདྲེད་བརྡབ་ཤོར་བའི་ཉེན་ཁ་ཆེན་པོ་ཡོད། འོན་ཀྱང་དཔྱིད་ཀར་བབས་པའི་ཁ་བ་ནི་བབས་མ་ཐག་ནས་ཞུ་འགྲོ་བ་དང་། ས་འོག་ཏུ་ཐིམས་ནས་སྡོང་པོ་དག་གི་རྩ་བ་དང་ཡལ་ག་ལས་ལྗང་ནེམ་ནེམ་གྱི་རྩྭ་ལོ་འབུས།

རི་མགོའི་ཁ་བ་ཡང་ཞུ་ཚད་མགྱོགས་སུ་འགྲོ་བ་དང་། རི་བོའི་ལྡེབས་སུ་སྨུག་པ་མང་པོ་ཚོ་དང་ཚོ་བྱས་ནས་འཁྲིགས་འདུག རི་ཐང་མེད་པར་སྣུམ་ཞགས་འཁྱིལ་ལེར་གནས་པའི་ངང་ཚུལ་ནི་སུམ་རྩེན་གནས་དང་གཉིས་སུ་མ་མཆིས།

ཨ་མས་ཁྲོམ་ནས་དབྱར་རྩྭ་བརྐོ་བའི་ཡོ་བྱད་དང་གྱོན་གོས་སོགས་གྲ་སྒྲིག་བྱས་ཏེ་ཉོ་བ་དང་། ཆར་ཁེབས་སུ་བཀོལ་རྒྱུའི་ཆུ་ཤོག་ཀྱང་ཧ་ཅང་མང་པོ་ཉོས་གནང་བས། རི་མགོར་གྱོན་གོས་སྦང་བའི་སེམས་ཁྲལ་བྱེད་དགོས་མེད།

དཔྱིད་ཀ་ནི་སྐྱེ་དངོས་ཡོད་ཚད་སླར་གསོ་དང་ཚེ་སྲོག་སྦྱིན་པའི་དུས་ཚིགས་ཤིག་ཡིན་ལ། ཚོན་མདངས་རྣམ་པར་བཀྲ་བའི་དུས་ཚིགས་ཤིག་ཀྱང་ཡིན། དུས་ཚིགས་འདིར་གཉིད་དུ་ཡུར་བའི་ཚེ་སྲོག་དུ་མ་གཉིད་ལས་སློང་ཞིང་། ས་གཞི་ཚང་མ་ལས་དཀར་སེར་དམར་ལྗང་གི་མདོག་སྣ་ཚོགས་འཇའ་ཚོན་བཞིན་བཀྲ།

དཔྱིད་ཀའི་དུས་སུ། ང་ཚོས་ད་དུང་དྲོད་འཇམ་གྱི་ཉི་འོད་དང་སྐྱིད་སྣང་དོད་པའི་འཚོ་བ་ལོངས་སུ་སྤྱོད་ཆོག དཔྱིད་ཀ་ནི་སློབ་སྦྱོང་བྱེད་པའི་དུས་ཚོད་བཟང་པོ་ཞིག་ཡིན་པས། སློབ་གྲྭའི་ནང་དུ་སློབ་སྦྱོང་བྱེད་པའི་རྣམ་པ་ཡང་སྔར་ལས་སྤྲོ་སྣང་དང་གསོན་ཤུགས་ཀྱིས་ཕྱུག་པར་གྱུར་པ་དང་། སློབ་གྲོགས་ཚོས་ཚ་ལམ་ལམ་གྱི་ཉི་འོད་འོག་ཏུ་རྩེད་མོ་སྣ་ཚོགས་རྩེ་འགོ་ཚུགས་ཤིང་། སློབ་གྲྭས་ཀྱང་བྱ་འགུལ་མང་པོ་ཞིག་བཀོད་སྒྲིག་བྱས་པས། སློབ་ར་ཡོངས་སྐྱེ་སྟོབས་ཀྱི་དཔལ་ལ་རོལ་བར་འགྱུར། བདག་གི་སེམས་སུ་དཔྱིད་ཀ་ནི་བདེ་སྐྱིད་ལྡན་པའི་དུས་ཚིགས་ཤིག་ཏུ་འདོད་བཞིན་ཡོད། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博