http://zw.xzqnb.cn/Content/weixinlogo.png
དྭངས་གཙང་གི་སེམས་པ་ནི་འཇིག་རྟེན་གྱི་ནོར་བུ་ཡིན། ལྷད་མེད་ཀྱི་བ
http://zw.xzqnb.cn/m/content/2025-02/21/001074.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལས་དབང་གི་ཐུག་འཕྲད།

༄༅། །མི་གཤིས་གསེར་གྱི་གཤིས་ལྟར་དགོས།

༄༅། །འཛིན་གྲྭ་གསར་པ། བགྲོད་ལམ་གསར་པ།

等待处理…

༄༅། །ལས་དབང་གི་ཐུག་འཕྲད།

作者 ཚེ་འཛིན་སྒྲོལ་མ།
2025年02月21日

དྭངས་གཙང་གི་སེམས་པ་ནི་འཇིག་རྟེན་གྱི་ནོར་བུ་ཡིན། ལྷད་མེད་ཀྱི་བརྩེ་སེམས་ནི་མི་ཚེ་ཡི་སྤྲོ་སྐྱིད་ཡིན། གུས་པར་འོས་པའི་དགེ་བའི་བཤེས་གཉེན་ལགས། ཁྱེད་ནི་ང་ཡི་མི་ཚེའི་སྤྲོ་སྐྱིད་ཡིན། གཏི་མུག་གི་བདེ་བ་མེད་པའི་མཚན་མོར་ངའི་ཡིད་ཀྱི་མེ་ལོང་ངོས་སུ་དོགས་སློང་གི་དྲི་བ་མང་པོ་འཆར་བ་འདི་ལྟ་སྟེ། རང་ཉིད་ཅིའི་ཕྱིར་འཇིག་རྟེན་དུ་འཚོ་འམ། མི་དང་མིའི་བར་གྱི་འབྲེལ་བ་ཇི་ལྟར་འཛུགས་དགོས་སམ། སང་ཉིན་ངས་འཇིག་རྟེན་ཁམས་དང་གདོང་ཐུག་ཇི་ལྟར་བྱ་དགོས་སོགས་ལ་བསམ་བཞིན་པའི་སྐབས་སུ། སྒེའུ་ཁུང་ཕྱི་ཡི་དཀར་གཙང་གི་ཟླ་བ་དང་དེའི་མཐའ་འཁོར་གྱི་སྐར་ཚོགས་འདྲེན་བྱེད་ཀྱི་ཡུལ་དུ་གྱུར། ཇི་ལྟར་བལྟས་ཀྱང་རང་ཉིད་དང་སྙིང་ཉེ་བའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས། ཡོད་ཚད་ཀྱི་ཡོད་ཚད་དེ་འདྲའི་ཞི་ཞིང་དུལ་བ་ལ།

རེད་ཨང་། འདི་ནི་བརྩེ་བའི་བཤེས་གཉེན་མཆོག་དང་ང་ཚོའི་དྲོ་སྐྱིད་ཀྱི་ཁྱིམ་གཞིས་ཆེན་པོ་དེ་རེད་ཨང་། ལྟོས་དང་། བར་སྣང་དབྱིངས་ཀྱི་ལྷད་མེད་ཀྱི་ཟླ་བར་ལྟོས་དང་། དེ་ནི་དགེ་བའི་བཤེས་གཉེན་གྱི་ལྷད་མེད་ཀྱི་བརྩེ་སེམས་ཅི་ལ་མིན། མཐའ་འཁོར་གྱི་སྐར་ཚོགས་ལ་ལྟོས་དང་། ཁོ་ཚོས་ལྷད་མེད་ཀྱི་ཟླ་བར་རེག་ཅིང་རང་ཉིད་ཀྱང་མུན་ནག་ཁྲོད་ཀྱི་འོད་མདངས་ཆུང་ཆུང་ཞིག་བྱེད་པར་འདོད།

འཇིག་རྟེན་འདིར་ཆེས་མཛེས་པ་ནི་མེ་ཏོག་མ་ཡིན་པར་མི་སེམས་འགུལ་བའི་འཛུམ་མདངས་ཡིན་ལ། ཁྱེད་ཀྱིས་ནམ་ཡིན་ཡང་ང་ཚོར་བཞིན་གྱི་འཛུམ་མདངས་གཞན་ལ་སྟོན་ཞེས་སློབ་གསོ་གནང་གི་ཡོད། སློབ་ཚན་ཚོགས་པའི་ཅོང་བརྡ་གྲགས་སོང་། ང་ཚོས་སྒོ་གསུམ་གུས་པ་དང་བཅས་ཁྱེད་ཀྱི་ཐུན་མིན་སློབ་ཁྲིད་ལ་རེ་སྒུག་བྱེད་བཞིན་ཡོད། ཁྱེད་རང་བཅོས་མིན་གྱི་འོད་མདངས་ཅིག་དང་ལྷན་དུ་ཁྱིམ་ཚང་ཆུང་ཆུང་དེའི་རྒྱལ་སྒོ་ནས་ཕེབས་ཏེ་བཤད་སྟེགས་ཐོག་ཏུ་བཞེངས་པའི་རྣམ་པ་ཅི་འདྲའི་བརྗིད་ཨང་།

ང་ཚོར་སླར་ཡང་ཁྱེད་རང་མཇལ་བའི་བསྐལ་བཟང་ཐོབ། ཁྱེད་ཀྱི་བཞིན་གྱི་འཛུམ་མདངས་མཇལ། ཁྱེད་ཀྱི་བྱམས་བརྩེའི་བཀའ་སློབ་ཐོས། ཁྱེད་ཀྱིས་རེ་བའི་མིག་ཟུང་ཅེར། དེ་བས། ཁྱེད་ཀྱི་མཆོག་འགྱུར་སློབ་ཁྲིད་ཐབས་རྩལ་ལས། ངའི་བློ་ཡི་རྨོངས་པ་ཡོངས་སུ་སེལ། ངའི་འཇིག་རྟེན་དྭངས་ཞིང་གཙང་བར་གྱུར། དེ་བས། རང་ཉིད་ནི་གསར་སྐྱེས་ཀྱི་མྱུ་གུ་ཅིག་དང་མཚུངས་པར་སྟོབས་ཤུགས་ཀྱིས་ཕྱུག་ནས་འཚོ་དགོས་པའི་ཁ་ཕྱོགས་རྙེད། དེ་ལྟར། དགེ་བའི་བཤེས་གཉེན་གྱི་སློབ་ཁྲིད་ཀྱི་བདེ་བར་རོལ་བཞིན་པའི་སྐབས་སུ། བྲེལ་འཚུབ་ཀྱི་ཅོང་བརྡ་ཞིག་གིས་ང་རང་སླར་ཡང་དངོས་ཡོད་འཚོ་བར་འཁྲིད། དུས་ཚོད་ནི་ཇི་འདྲའི་མགྱོགས་པ་ལ་ཨང་། ཁྱེད་དང་མཇལ་ནས་ལོ་ཡི་ཉག་མ་གཉིས་ཙམ་སོང་ཟིན་ལ། ཁྱེད་དང་མཉམ་དུ་མི་ཚེའི་གསང་གནད་བརྟོལ་བའི་གོ་སྐབས་ཇེ་ཉུང་རེད། དུས་ཚོད་ཀྱི་གྲུ་ཁ་རུ། ང་ཚོ་ནི་མི་ཡུལ་གྱི་མགྲོན་པོ་ཙམ་དུ་ཟད་པས། ལྷད་མེད་ལྷག་བསམ་དང་བཅས་གདོང་གི་འཛུམ་མདངས་ལ་བརྟེན་ནས་གཞན་བསུ་བ་ནི་ང་ཚོ་སྔོན་ཆད་ཕན་ཚུན་ཐུག་འཕྲད་བྱས་མྱོང་བའི་དཔང་རྟགས་ཕྲན་བུ་ཞིག་མ་ཡིན་ནམ།

ཀྲུའུ་ཞི་མཆོག་གིས་“མི་ཞིག་ལ་དགེ་རྒན་བཟང་པོ་ཞིག་འཕྲད་པ་དེ་ནི་མི་དེའི་བསོད་ནམས་ཡིན། སློབ་གྲྭ་ཞིག་ལ་དགེ་རྒན་བཟང་པོ་ཞིག་ཡོད་པ་ནི་སློབ་གྲྭ་དེའི་གཟི་བརྗིད་རེད། མི་རིགས་ཤིག་ལ་རྒྱུན་ཆད་མེད་པར་དགེ་རྒན་བཟང་པོ་མང་པོ་ཐོན་པ་ནི་མི་རིགས་དེའི་རེ་བ་ཡིན”ཞེས་གསུངས་ཡོད། དྲིན་ཆེན་གྱི་དགེ་བའི་བཤེས་གཉེན་ལགས། ངོ་མ། ཁྱེད་དང་འཕྲད་པ་ནི་ང་ཡི་བསོད་ནམས་རང་ཡིན། ཁྱེད་ནི་ང་ཡི་མི་ཚེའི་ཕྱོགས་སྟོན་འཁོར་ལོ་ཡིན། ང་རང་ཤེས་རིག་དང་ཉམས་མྱོང་དམན་པའི་རྐྱེན་གྱིས་ཁ་ཕྱོགས་མ་རྙེད་པའི་དྭ་ཕྲུག་ལྟ་བུར་ལུས་སྐབས། ཁྱེད་ཀྱིས་ང་རང་རེ་བ་ཡིས་ཁེངས་པའི་མི་ཚེའི་ལམ་བུའི་སྟེང་དུ་ཁྲིད་གནང་བྱུང་། ཁྱེད་ནི་ང་ཡི་བློ་རྨོངས་སེལ་བྱེད་ཀྱི་ལམ་སྟོན་སྒྲོན་མེ་ཡིན། ང་རང་ཉོན་རྨོངས་དུག་གསུམ་གྱི་མུན་པའི་ཁྲོད། ཅི་བྱ་གཏོལ་བྲལ་དུ་གྱུར་སྐབས། ཁྱེད་ཀྱིས་བྱམས་བརྩེ་ལྡན་པའི་སྒོ་ནས་ང་ཡི་ལག་ནས་བཟུང་སྟེ་མ་འོངས་པའི་ལམ་བུ་རུ་ཁྲིད་གནང་བྱུང་། ཁྱེད་ནི་ང་ཡི་སློབ་གཉེར་ལམ་བུའི་ཐོག་གི་དད་རྟེན་གཙང་མ་ཡིན། ཁྱེད་ནི་ང་ཡི་འཚོ་བའི་ལམ་བུའི་ཁྲོད་ཀྱི་དྲིན་ཆེན་ཕ་མ་ཡིན། ཁྱེད་ནི་ང་རང་སེམས་རྨས་འབྱུང་དུས་ཀྱི་སེམས་གསོའི་བདུད་རྩི་རིལ་བུ་ཡང་ཡིན། ཇི་སྐད་དུ། 《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》ལས། “དྲིན་བྱས་བརྗེད་པར་གྱུར་བ་ནི། །མི་ཡི་ནང་ནས་ཐ་ཆད་ཡིན། །བྱས་པ་ཤེས་ཤིང་དྲིན་གཟོ་བའི། །མི་ལ་དཔལ་མགོན་ཉེ་བར་གནས”ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་དོ། །

ཟུར་ཁྲིད་དགེ་རྒན། སྒྲོལ་མ་ཆོས་འཛོམས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博