http://zw.xzqnb.cn/Content/weixinlogo.png
ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་2024ལ
http://zw.xzqnb.cn/m/content/2025-02/14/001061.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

རྒྱལ་ཡོངས་ཀྱི་རིག་ནུས་གློག་དྲ་ཆུང་ངུའི་དྲོད་མཁོ་འདོན་རྣམ་གྲངས་ཐོག་མ་ནག་ཆུར་སྤྱོད་འགོ་ཚུགས་པ།

ཚེ་བརྟན་གཡུ་སྒྲོན་གྱིས་ཨང་དང་པོ་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

དམིགས་ཚད་ཁག་9ཡི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཡོང་འབབ་འཕར་ཚད་“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ་”མངོན་འགྱུར་བྱུང་བ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

等待处理…

2024ལོར་རང་ལྗོངས་ཀྱི་དཔལ་འབྱོར་ལ་གྲུབ་འབྲས་གཟེངས་སུ་ཐོན་པ།

དམིགས་ཚད་ཁག་9ཡི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཡོང་འབབ་འཕར་ཚད་“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ་”མངོན་འགྱུར་བྱུང་བ།

2025年02月14日

ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་2024ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

གསར་འགོད་པས་ས་གནས་ས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་རང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2764.94དང་། བསྡུར་ཆོག་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་བརྒྱ་ཆ་6.3འཕར་ཡོད་པ་རེད། ཐོན་ལས་དབྱེ་ནས་བལྟས་ན།ཐོན་ལས་དང་པོའི་འཕར་ཚད་སྒོར་དུང་ཕྱུར་247.52ཟིན་ནས་བརྒྱ་ཆ་11.5འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར་1016.07ཟིན་ནས་བརྒྱ་ཆ་8.2འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་1501.35ཟིན་ནས་བརྒྱ་ཆ་4.5འཕར་ཡོད།

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་རྒྱ་ཆེ་བའི་ཡན་གྱི་བཟོ་ལས་འཕར་ཚད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག དམངས་ཁྲོད་ཀྱི་མ་འཇོག སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱི་ཚད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དམིགས་ཚད་ཁག་9ཡི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

2024ལོར་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31358དེ་དུས་མཚུངས་ལས་བརྒྱ་ཆ་8.2འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་བརྒྱ་ཆའི་གྲངས་2.9མཐོ་རུ་ཕྱིན་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444དེ་བརྒྱ་ཆ་6.8འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་བརྒྱ་ཆའི་གྲངས་2.2མཐོ་རུ་ཕྱིན་ཡོད་པ་དང་། གྲོང་གསེབ་དང་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་པ་དེ་བརྒྱ་ཆ་8.3འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་བརྒྱ་ཆའི་གྲངས་1.7མཐོ་བ་དེས་འཕར་ཚད་“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ་”མངོན་འགྱུར་བྱུང་ཡོད།

བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཐེན་ཀོང་ཧྭ་ཡིས“2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་མཇུག་འགྲིལ་བའི་ལོ་ཡང་ཡིན་པས། གོམ་སྟབས་རྗེས་མར་བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀ་སྤྱིའི་གཞི་གདན་རྒྱུན་འཁྱོངས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博