西藏青年报藏文版ཕྱོགས་བསྡུས། རྒྱལ་ཡོངས་ཀྱི་རིག་ནུས་གློག་དྲ་ཆུང་ངུའི་དྲོད་མཁོ་འདོན་རྣམ་གྲངས་ཐོག་མ་ནག་ཆུར་སྤྱོད་འགོ་ཚུགས་པ། ཚེ་བརྟན་གཡུ་སྒྲོན་གྱིས་ཨང་དང་པོ་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། དམིགས་ཚད་ཁག་9ཡི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཡོང་འབབ་འཕར་ཚད་“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ་”མངོན་འགྱུར་བྱུང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

放大 缩小 默认

ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་11ཐོབ་པ།

ཚེ་བརྟན་གཡུ་སྒྲོན་གྱིས་ཨང་དང་པོ་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

འདི་ནི་ཚེ་བརྟན་གཡུ་སྒྲོན་འགྲན་བསྡུར་ཚར་རྗེས་འགྲན་ར་ནས་ཡོང་བཞིན་པ།

ཟླ་2ཚེས་9ཉིན་ནི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགྲན་བསྡུར་གྱི་ཉིན་གཉིས་པ་རེད། གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་འགྲན་བསྡུར་རྣམ་གྲངས་ནང་ཀྲུང་གོའི་བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་གྱིས་སྐར་མ་2དང་སྐར་ཆ་55.88ཀྱི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་བླངས་པ་རེད། དེ་ནི་སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་ཀྲུང་གོའི་འཐུས་མི་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་11པ་དེ་རེད། རྣམ་གྲངས་དེ་ནི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་འཇུག་ཐེངས་དང་པོ་ཡིན་པ་དང་ཚེ་བརྟན་གཡུ་སྒྲོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་རྣམ་གྲངས་དེའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་གསར་གྱི་རྟགས་མ་ཐོག་མ་དེ་བླངས་པ་རེད། དེ་དང་ཆབས་ཅིག དེ་ནི་རང་ལྗོངས་ཀྱི་ལུས་རྩལ་པར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས(ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས)ལ་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་དེའང་རེད། བོད་ཀྱི་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་གྱིས་ཟངས་ཀྱི་རྟགས་མ་བླངས་པ་རེད།

ཚེ་བརྟན་གཡུ་སྒྲོན་གྱིས“ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐེངས་དང་པོར་གསེར་གྱི་རྟགས་མ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། གྲུབ་འབྲས་དེ་ནི་ཚང་མས་ཐུན་མོང་ཐོག་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། དེ་རྗེས་ཀྱི་འགྲན་བསྡུར་ནང་ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་བཤད།

བསོད་ནམས་ཆོས་སྒྲོན་གྱིས“འགྲན་བསྡུར་ནང་ཞུགས་རྒྱུ་བྱུང་བ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། དེ་རིང་བྱ་དགའ་སྤྲོད་པའི་སྟེགས་བུའི་ཐོག་ལངས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། རྩལ་ཁྲིད་པས་སེམས་ཤུགས་ཡོད་རྒུས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ནང་མིས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明