http://zw.xzqnb.cn/Content/weixinlogo.png
ངའི་མི་ཚེའི་ལམ་བུ་ནི་རང་གིས་པིར་སྨྱུག་གིས་བཀོད་པའི་ཚོན་མདོག་
http://zw.xzqnb.cn/m/content/2025-01/17/001034.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མི་དམངས་སྐྱོང་བའི་དཔའ་བོ་ཞིག་བྱེད་འདོད།

༄༅། །མི་ཚེའི་ལམ་བུ།

༄༅། །ཕ་ཡུལ་གྱི་ཁ་བ།

等待处理…

༄༅། །མི་ཚེའི་ལམ་བུ།

作者 ཚེ་རིང་ཆོས་སྒྲོན།
2025年01月17日

ངའི་མི་ཚེའི་ལམ་བུ་ནི་རང་གིས་པིར་སྨྱུག་གིས་བཀོད་པའི་ཚོན་མདོག་རྣམ་པར་བཀྲ་བའི་རི་མོ་དེ་ཡིན། མ་འོངས་པར་རྒྱང་ལྟ་བྱས་ན་ལམ་བུ་ནི་སྨུག་པའི་ནང་ཡིབ། དཀའ་ཚེགས་ཇི་འདྲ་ཞིག་འཕྲད་མེད་ང་ཚོས་མི་ཤེས། མ་འོངས་ཞེས་པ་ནི་རྒྱང་ཐག་རིང་པོ་ཅི་ཡང་མེད། དུས་ཟླ་ཡི་འཁོར་ལོ་བར་མེད་དུ་འཁོར། མ་འོངས་པའི་ལམ་བུ་ནི་ང་ཚོའི་མིག་མདུན་དུ་རྐང་པ་མི་སྤོས་པའི་ས་ཆ་དེ་རེད། རྒན་ལགས་ཀྱིས་བཤད་སྟེགས་ཐོག་ང་ལ་ལམ་ཞེས་པ་དེ་གང་ཡིན་པ་ཐོག་མར་འགྲེལ་བཤད་རྒྱག་སྐབས་བྱིས་པའི་བློ་ཡིས་ད་དུང་གོ་བ་ལེན་མི་ཐུབ།

ཟླ་དྲུག་པའི་ཉི་མ་ནི་དེ་འདྲའི་ཚ་གདུག་ཆེ། རྒན་ལགས་ཀྱིས་སློབ་ཁྲིད་གནང་བཞིན“ཁྱེད་ཚོས་ད་ལྟ་སློབ་སྦྱོང་བྱེད་པ་ནི་མ་འོངས་པར་རང་ལ་ལམ་གྱི་གདམ་ག་མང་བའི་ཆེད་དུ་ཡིན” སྐད་ཆ་དེ་ནི་མགོ་ཐོག་ཏུ་ཆུ་གྲང་མོ་ཞིག་བཤོས་པ་ལྟར་ང་རང་གཉིད་ཅོག་གི་རྣམ་གཡེང་ལས་དཀྲོག ད་ལྟའི་དཀའ་ལས་ནི་ཚང་མ་མ་འོངས་པའི་ཆེད་དུ་རེད། ངའི་ལམ་ནི་འགོ་ཚུགས་པ་ནས་ངའི་ལག་པའི་ནང་དུ་བཟུང་ཡོད། དཀའ་ངལ་མང་པོས་རང་གིས་ལམ་བཀག་སྲིད་ཀྱང་དེ་ལ་འཇིགས་ནས་རང་སར་སྡོད་མི་རུང་། དཀའ་ངལ་ལ་མགོ་བོ་སྒུར་བའི་དར་མ་ནི་རང་གི་ཕུགས་བསམ་མངོན་འགྱུར་གྱི་ལམ་བུར་བསྐྱོད་པའི་དབང་ཆ་མེད། སྤྲོ་སེམས་ཕྱོགས་བཞིར་འཕྲོ་བའི་ན་གཞོན་ནི་དཔྱིད་དུས་ཀྱི་མྱུ་གུ་དང་འདྲ་བར་ཧུར་བརྩོན་གྱིས་འཚོ་བཅུད་ལེན་ཞིང་མ་འོངས་པར་རེ་བས་ཁེངས་ཡོད། སྤོབས་པ་དང་རེ་བ་ཆེན་པོའི་ངང་མི་ཚེའི་ལམ་བུར་བསྐྱོད་སྐབས་དཀའ་ཚེགས་དང་སྡུག་བསྔལ་མང་པོ་འཕྲད་སྲིད། དེ་ནི་འཚར་ལོངས་ཀྱི་ལམ་བུའི་ཐོག་ངེས་པར་དུ་བརྒྱུད་དགོས་པ་ཡིན། དྲག་ཆར་རླུང་འཚུབ་གང་ལ་ཡང་མི་འཇིགས་པའི་དཔའ་སེམས་ཁྱེར་ནས་དཀའ་ངལ་རྟུལ་དགོས། «ལམ་གྱི་ལེའུ»ནང“ལམ་ནི་རྔུལ་ཆུས་བྲིས་པའི་སྙན་ངག་དང་འདྲ་བའི་ཚེ་སྲོག་ཡིན” ཞེས་གསལ་བ་བཞིན་ཕུགས་བསམ་སྙེག་པའི་ལམ་བུ་ནི་དཀའ་ཚེགས་ཆེ། དཀའ་ངལ་དང་འགྲན་ཏེ་མི་ཚེའི་ལམ་བུར་བསྐྱོད་པ་ནི་དོན་སྙིང་ལྡན་པའི་ལས་གྲྭ་ཞིག་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཡིན། བཟོ་སྐྲུན་པ་ཡི་ངོས་ནས་བཤད་ན། བརྒྱུད་རིམ་དེར་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་ངང་ནས་རང་གི་ཕུགས་བསམ་ནང་གི་ཐོག་བརྩེགས་ཁང་ཆེན་དེ་བསྐྲུན་ཐུབ་པ་བྱེད། ང་ཚོའི་ངོས་ནས་བཤད་ན་མི་ཚེའི་ལམ་བུ་ནི་རང་གི་སྨྱུ་གུའི་འོག་ཏུ་ཡོད། ང་ཚོས་ལྕགས་སྨྱུག་ལ་བརྟེན་ནས་མ་འོངས་པའི་ལམ་ཁ་གཏོད། ད་ཆ་ང་ཚོས་ཁུར་པོ་ལྗིད་པོ་ཞིག་ཁྱེར་ནས་ལམ་ལ་སྐྱོད་བཞིན་ཡོད། ཁུར་པོ་དེའི་ནང་ཕ་མའི་རེ་བ་དང་རྒན་ལགས་ཀྱི་བཀའ་སློབ། རང་གི་དམིགས་ཡུལ། གྲོགས་པོ་དང་བཞག་པའི་དམ་བཅའ་བཅས་ལྡན། ཀྱག་ཀྱོག་གི་མི་ཚེའི་ལམ་བུའི་ཐོག་རང་ནི་རང་གི་མགོན་ཡིན་པས་ལེ་ལོ་དང་རྣམ་གཡེང་བཅོམ་ནས་སྦྱངས་པ་བྱེད་དགོས། སྨུག་པའི་རྒྱབ་ཏུ་ཡིབ་པའི་མ་འོངས་པར་མཛེས་ལྗོངས་ལྡན་ལ་གཏུམ་དྲག་གཅན་གཟན་ཡང་ཐུག་སྲིད། ང་ཚོས་ལག་པའི་སྨྱུ་གུ་རལ་གྲིར་འཛིན་ཏེ་བར་ཆད་ལས་རྒྱལ་ཐུབ་པ་བྱེད་དགོས།

ང་ཚོའི་མ་འོངས་པའི་མི་ཚེའི་ལམ་བུའི་ཐོག་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་བཅོལ་ཡོད་པས། ང་ཚོས་ད་ལྟ་ནས་སློབ་ལ་འབད་དེ་མ་འོངས་པའི་མི་ཚེའི་ལམ་བུ་ལེགས་པོ་ཞིག་གི་རྨང་གཞི་འདིང་དགོས་སོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博