http://zw.xzqnb.cn/Content/weixinlogo.png
སྐྱེ་བོ་རེ་རེའི་ཚེ་སྲོག་ནི་སྟེས་དབང་བགྲང་ལས་འདས་པའི་ཁྲོད་ནས་
http://zw.xzqnb.cn/m/content/2024-12/27/001001.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བཤེས་གཉེན་ལ་བསྟོད་པ།

༄༅། །ཆུ་མིག་ལྟར་གྱི་ཚེ་སྲོག

ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ལྷ་སར་འཚོགས་པ།

等待处理…

༄༅། །ཆུ་མིག་ལྟར་གྱི་ཚེ་སྲོག

作者 རྣམ་རྒྱལ་སྒྲོན་མ།
2024年12月27日

སྐྱེ་བོ་རེ་རེའི་ཚེ་སྲོག་ནི་སྟེས་དབང་བགྲང་ལས་འདས་པའི་ཁྲོད་ནས་བྱུང་བ་ཡིན་པས་དེའི་ཐད་ནས་ང་ཚོ་ནི་བསོད་ནམས་ཆེ་ཤོས་ཡིན། ཚེ་སྲོག་ནི་དྲིན་ཆེན་ཡབ་ཡུམ་གྱིས་ང་ཚོར་བྱིན་པའི་ལག་རྟགས་ཡག་ཤོས་དེ་ཡིན། དེར་བརྟེན་ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་གྱིས་དང་།

དུས་ཚོད་ཀྱི་བདག་མོ་ནི་སྲབ་མེད་རྟ་ཕོ་ཞིག་དང་འདྲ་བར་བག་མེད་དུ་འགྲོ། རྒྱུ་མཚན་ནི་དུས་ཚོད་ནི་བཏང་སྙོམས་ཡིན། ལུའུ་ཤུན་གྱིས“རང་ཉིད་ཀྱི་དུས་ཚོད་འཕྲོ་བརླག་གཏོང་བ་ནི་རང་སྲོག་དལ་པོར་བཅད་པ་དང་འདྲ། གཞན་གྱི་དུས་ཚོད་འཕྲོ་བརླག་གཏོང་བ་ནི་རྒྱུ་ནོར་འཕྲོག་བཅོམ་བྱེད་པ་དང་འདྲ”ཞེས་གསུངས། ང་ཚོས་དུས་ཚོད་ལ་གཅེས་འཛིན་བྱེད་པ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པའི་འདུ་ཤེས་བཟུང་ནས་ད་ལྟ་ན་སོ་དར་ལ་བབ་པའི་དུས་འདི་ལ་སློབ་གཉེར་ལས་ལ་བཞུགས་ནས་རང་ཉིད་འཚོ་བའི་སྙིང་པོ་དེ་ཤེས་པ་བྱེད་དགོས། ངས་ཀྲུའུ་ཞི་མའོ་ཙེ་ཏུང་གི་དཔེ་ཀློག་མི་ཚེ་ཞེས་པའི་དེབ་དེ་བལྟ་དུས། ང་དང་འདྲ་བའི་སློབ་མ་འགའ་ཤས་ནི་འཇིག་རྟེན་འདིར་མི་གྲངས་ཙམ་ཟིན་ནས་འཕག་འཚག་བྱེད་པའི་མེ་ཏོག་ཆག་རོ་ཞིག་དང་འདྲ་སྙམ། སློབ་རའི་ནང་དུ་སློབ་མ་མང་པོས་ཞོགས་པ་སྔ་པོ་ལངས་ཏེ་སློབ་ཁང་ནང་དུ་སོག་མ་བཙུགས་པ་བཞིན་སེམས་ཕྱི་རོལ་དུ་བཏང་ནས་བསྡད། ཡང་ན་སྡོད་རོགས་དང་མཉམ་དུ་འུད་ཤོབ་བཤད། ཐ་ན་དབྱར་ཁ་སླེབས་དུས་སྟོན་དུས་ཀྱི་དོན་ལ་བསམ་བློ་གཏོང་། དེ་བཞིན་མཚན་མོ་མི་ཉལ་བར་ཅ་ཅོའི་འུར་སྒྲས་ཁེངས་ནས་སྡོད། ང་ཚོ་མི་ཟེར་བར་ནོར་འཁྲུལ་ཡོང་སྲིད། ཡིན་ཡང་བོང་བུའི་རྣ་བར་གསེར་བླུགས་པ་བཞིན་གོ་རྒྱུ་མེད་པ་དེ་ལ་ཡར་རྒྱས་ཡོང་བར་དཀའ། མི་ཚེའི་ལམ་བུར་སླ་ཞེས་པའི་ཡིག་འབྲུ་ཡོད་པ་ཧ་ཅང་ཉུང་ཉུང་རེད། དཔེར་ན་ཛ་དྲག་ཆེ་བའི་རྒྱལ་ཡོངས་མཐོ་རྒྱུགས་ཡིག་ཚད་སླེབས་ལ་ཉེ་བའི་དུས་སུ། མཐོ་གསུམ་གཅེན་པོ་གཅེན་མོ་ཚོའི་ཐོ་རེངས་གཉིད་ལས་སློང་བའི་ཏིར་སྒྲ། སློབ་ཚན་ཚུགས་པའི་དྲིལ་བརྡ། ལན་འདེབས་པའི་སྐད་སྒྲ་བར་མེད་དུ་སྒྲོག་ཅིང་ཁོ་ཚོས་སློབ་གཉེར་ལས་ལ་ཞུགས་པའི་རྣམ་པ་མཐོང་དུས། ང་ཚོས་མི་ཚེའི་འཚར་ལོངས་ལམ་བུའི་སྟེང་མ་ནུས་སྒྱིད་ལུག་སྤྱོད་ངན་དག་རིམས་ནད་བཞིན་དོར་ནས་ལམ་ཆེན་ལ་གཟིགས་ཏེ། རང་ཉིད་ཀྱི་མཐའ་མའི་དམིགས་ཡུལ་དེ་ལ་འབད་འབུངས་བྱས་ནས་མིག་གིས་མཐོ་ས་བཙལ་ཏེ་ལག་གིས་དམའ་ས་སྐྱོང་རྒྱུ་དེ་ཀྲུའུ་ཞི་མའོ་ཙེ་ཏུང་ལྟ་བུའི་རླབས་ཆེན་མི་སྣ་ལ་སློབ་སྦྱོང་བྱེད་དགོས། བྱས་ཙང་ངས་ཐོ་རེངས་ཆུ་ཚོད་དྲུག་པའི་སྐབས་མཐའ་འཁོར་མུན་ནག་གིས་ཁེངས་པའི་གློག་སྒྲོན་འོག་ཏུ་བརྩོན་འགྲུས་ཀྱིས་སློབ་སྦྱོང་བྱེད་པའི་སློབ་མ་དག་གི་རྣམ་པ་མཐོང་བྱུང་ལ་ཞོགས་པའི་ཉི་གཞོན་ཤར་བའི་སྐབས་ལུས་རྩལ་ཐང་དུ་རྒྱུགས་ཤར་གློད་ནས་རྔུལ་ཆུས་ཁེངས་པའི་རྣམ་པ་ཡང་མཐོང་བྱུང་། ངས་བལྟས་ན་དེ་ཚོ་ནི་ཚེ་སྲོག་ལ་གཅེས་འཛིན་དང་དགའ་ཞེན་ཡོད་པའི་མངོན་ཚུལ་ཞིག་རེད་ལགས། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博