ཟླ་12ཚེས་15ཉིན་བར། 2024ལོར་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་54.02ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་རེད།
འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་འཛམ་གླིང་ས་གནས་ཁག་གི་རི་འཛེག་དགའ་མོས་པ་འགྲན་སློང་ལ་ཡོང་རྒྱུའི་ཡིད་དབང་འཕྲོག་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་ལ་ཡོང་སྐབས་གཱ་ཐོ་འགོད་སའི་གྲས་ཤིག་ཏུའང་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་དིང་རི་རྫོང་གི་རྨང་གཞིའི་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1.63བཏང་ནས། རྣམ་གྲངས་13ལག་ལེན་བསྟར་བ་དེ་དག་གཙོ་བོ་མཛེས་ལྗོངས་ཁུལ་གྱི་འཆར་འགོད་དང་། འགྲིམ་འགྲུལ། ཞག་སྡོད། བཟའ་བཏུང་། རིག་ལྡན་ཅན་སོགས་ཡུལ་སྐོར་རྨང་གཞིའི་ཞབས་ཞུའི་ཐད་སྤྱད་ཡོད། ཇོ་མོ་གླང་མའི་བྱང་སྒོ་ཆེན་པོའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འདི་ལོ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་ཡུལ་སྐོར་ཁོར་ཡུག་བཏོད་ནས་ཇོ་མོ་གླང་མར་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད།
པད་ཆོས་ཀྱིས་བསྒྱུར།