http://zw.xzqnb.cn/Content/weixinlogo.png
འདི་ནི་མི་དམངས་ཉེན་རྟོག་པ་སློབ་གྲྭའི་ནང་བསྐྱོད་ནས་སློབ་མ་རྣམ
http://zw.xzqnb.cn/m/content/2024-10/18/000895.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་པ།

ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེ་བཟང་མི་སྒེར་ལ་མཇལ་འཕྲད་གནང་བ།

གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་གོམ་སྟབས་བརྟན་པོ་སྤོས་པ།

等待处理…

དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་པ།

ཉིང་ཁྲིའི་སྤྱི་བདེས་འདི་ལོ་ཚུན་དུ་དྲ་རྒྱའི་བདེ་འཇགས་ལས་དོན་ཏན་ཏིག་སྤེལ་བའི་སྐོར་བཀོད་པ།

2024年10月18日

འདི་ནི་མི་དམངས་ཉེན་རྟོག་པ་སློབ་གྲྭའི་ནང་བསྐྱོད་ནས་སློབ་མ་རྣམས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན། དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས། འདི་ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་མ་བྱུང་སྔོན་འགོག་དང་། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་སྲུང་བ། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་དེ་བཞིན་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གསར་པ་སོགས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་གཙོ་གནད་ལ་དམ་པོར་གཞིགས་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་གྱི་ཕན་འབྲས་དངོས་ལ་སྣང་ཆེན་བྱེད་པ། སྒྲིག་འཛུགས་ཞིབ་ཚགས་བྱེད་པ་བཅས་བྱས་ནས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

གཅིག བདེ་འཇགས་ཀྱི་སྐོར་ཞིབ་བྱས་ནས་དྲ་རྒྱའི་བདེ་འཇགས་མཉམ་དུ་བཏོད་པ།

ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་བདེ་འཇགས་སྲུང་རྒྱུ་དེ་ཁེ་ལས་གཉེར་སྐྱོང་ལ་ཞབས་འདེགས་དང་འགན་སྲུང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་། སྤྱི་བདེའི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་ལྟ་འདོམས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ནས་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་དང་། དྲ་རྒྱ་དང་གྲངས་གཞིའི་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ་སོགས་ཀྱི་རྒྱུན་རྣམ་ཅན་གྱི་ལས་དོན་ཐེངས་མང་སྤེལ་ཏེ་ཁེ་ལས་ལ་དྲ་རྒྱའི་དོ་དམ་གྱི་ཆད་སྐྱོན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ་དང་། ཁེ་ལས་ཀྱིས་མ་ལག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བྱས་ནས་ཁེ་ལས་ཀྱི་དྲ་རྒྱའི་བདེ་འཇགས་ཆེད་དུ་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་ཤིག་བསྐྲུན་ཡོད་པ་རེད།

གཉིས། ཉེན་རྟོག་པ་དང་སློབ་གྲྭ་མཉམ་འགུལ་གྱིས་སློབ་གྲྭའི་ཞི་མཐུན་ཐུན་མོང་ཐོག་བསྲུངས་པ།

སློབ་གྲྭའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་གིས་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི“དྲ་རྒྱའི་བདེ་འཇགས་ཉེན་དོན་ཁང”གི་སྦྲེལ་ཟམ་དང་གཡུལ་སའི་ནུས་པ་གང་ལེགས་བཏོན་ཏེ“དྲ་རྒྱའི་བདེ་འཇགས་ཉེན་དོན་ཁང་དང་དྲ་རྒྱའི་བདེ་འཇགས་ཀྱི་དང་བླངས་པ་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་ཉེན་རྟོག་པ་དང་སློབ་གྲྭའི་མཉམ་འགུལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་ཆེན་གྱི་དགེ་སློབ་ལ་དྲ་རྒྱའི་བདེ་འཇགས་སློབ་སྦྱོང་གི་ཁོར་ཡུག་དང་སློབ་སྦྱོང་དཔྱད་གཞི་མཁོ་འདོན་བྱས་པ་རེད།

དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཐོག་མི་དམངས་ཉེན་རྟོག་པས་སློབ་ཆེན་སློབ་མའི་ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་དངོས་བདམས་ནས་སློབ་མ་ཚོར་དྲ་རྒྱའི་ཆུ་དམག་དང་། དྲ་རྒྱའི་ཁ་བསླུས། དྲ་རྒྱའི་གཏུམ་སྤྱོད། ཁྲིམས་འགལ་ངང་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཉོ་ཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་གཏན་འགོག་ཇི་ལྟར་བྱེད་དགོས་ལུགས་དང་དེ་བཞིན་དྲ་རྒྱ་ཡང་དག་དང་ལུགས་མཐུན་ངང་སྤྱོད་དགོས་ལུགས་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་རེད།

གསུམ། ཉེན་རྟོག་པ་དང་མི་དམངས་ཀྱིས་མཉམ་དུ་དྲ་རྒྱའི་འགོག་སྲུང་འཛིང་རགས་བསྲུངས་པ།

དྲ་རྒྱའི་བདེ་འཇགས་ནི་མི་ཚང་མར་འགན་འཁྲི་ཡོད། དྲ་རྒྱའི་བདེ་འཇགས་ནང་མི་ཚང་མ་ཞུགས་དགོས། ཉེ་དུས། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་དེ་གོ་སྐབས་སུ་བྱས་ཏེ། སྡེ་ཁུལ་གྱི་ཐང་ཆེན་དང་། སློབ་ཆེན། ཤང་གྲོང་དང་གྲོང་ལྷན་སོགས་སུ་བསྐྱོད་དེ་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་དོན་དག་ཤོད་པ་དང་། ཁ་བརྡ་གློད་ནས་སྲིད་ཇུས་འགྲེལ་བཤད། གཏམ་རྒྱུད་བཤད་ནས་གནས་ལུགས་བརྗོད་པ་བཅས་བྱས་པ་མ་ཟད། མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་གསལ་འགྲེལ་ཧུར་ཐག་བྱས་ཏེ་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་རྨང་གཞིའི་ཤེས་བྱ་དང་། རྒྱུན་མཐོང་གི་དྲ་རྒྱའི་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་སོགས་ཀྱི་ནང་དོན་ཤེས་རྟོགས་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འདུ་ཤེས་དང་ནུས་པ་མཐོ་རུ་བཏང་ཡོད། དུས་མཚུངས་སུ་མི་དམངས་ཉེན་རྟོག་པས་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་གསལ་འགྲེལ་གྱིས་མང་ཚོགས་ལ་ཉེ་བའི་ལོ་ཤས་རིང་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་ཟང་ཟིང་གི་སྣང་ཚུལ་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བར་ཐོབ་པའི་གྲུབ་འབྲས་བརྡ་ཁྱབ་བཏང་བ་མ་ཟད། རྒྱ་ཆེའི་མང་ཚོགས་ལ་དྲང་ནུས་བརྒྱུད་སྤེལ་བ་དང་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བ་བྱས་ཏེ་ཉེན་རྟོག་པ་དང་མང་ཚོགས་ཀྱིས་མཉམ་དུ་དྲ་རྒྱའི་བདེ་འཇགས་ཀྱི“མེ་འགོག་གྱང”སྐྲུན་དགོས་པའི་འབོད་སྐུལ་བྱས་པ་རེད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博