http://zw.xzqnb.cn/Content/weixinlogo.png
བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་
http://zw.xzqnb.cn/m/content/2024-08/30/000830.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

སྙེ་མོའི་གྲོག་རོང་ཆེན་པོའི་ཐོན་པ་བོད་སྤོས་འབྱུང་ཁུངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་གཉེར་བ།

དང་བླངས་ཀྱི་མིང་ཐོག་ནས་ལང་ཚོའི་ཉམས་འགྱུར་མངོན་པ།

等待处理…

དང་བླངས་ཀྱི་མིང་ཐོག་ནས་ལང་ཚོའི་ཉམས་འགྱུར་མངོན་པ།

2024ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་འགྲན་བསྡུར་དང་དང་བླངས་ཞབས་ཞུའི་སྤེལ་རེས་ཚོགས་འདུ་གཟབ་རྒྱབ་ངང་འཚོགས་པ།

2024年08月30日

བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་འགྲན་བསྡུར་གྱི་ལས་ཡུལ།

ཟླ་8ཚེས་19ནས་ཚེས་20ཉིན་བར་གུང་གཞོན་སྡེ་ཚོགས་བོད་རང་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་བཟོ་ལས་པུའུ་དང་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་སོགས་ཚན་པས་མཛུབ་ཁྲིད་བྱས་པ་དང་། རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་2024ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་མཐའ་འགྲན་འགྲན་བསྡུར་དང་དང་བླངས་ཞབས་ཞུའི་སྤེལ་རེས་ཚོགས་འདུ་ལྷ་སར་གཟབ་རྒྱབ་ངང་འཚོགས་པ་རེད། འགྲན་བསྡུར་ནང་ཞུགས་མཁན་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འཐུས་མི་དང་། ཞིབ་དཔྱད་མཁས་ཅན། ཁེ་ལས་ཀྱི་གཞོན་ནུའི་འཐུས་མི། གཞོན་ནུ་དང་བླངས་པ་སོགས་མི་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

སྐབས་འདིའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་སྤེལ་འགོ་ཚུགས་པ་ནས་བཟུང་གྲོང་ཁྱེར(ས་ཁུལ)ཁག་གི་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་། མཐོ་སློབ་ཁག་གི་གཞོན་ནུ་དང་བླངས་པའི་མཐུན་ཚོགས། ལས་རིགས་ཁག་གི་ཁོངས་གཏོགས་བཅས་ཀྱིས་དང་ལེན་ཧུར་ཐག་བྱས་པ་རེད། ཐོག་མར་བསྐྱར་འགྲན་གྱི་དཔྱད་བསྡུར་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་སོགས་ཀྱི་ལྷུ་ཚིགས་བརྒྱུད་ནས་དང་བླངས་ཞབས་ཞུའི་རྣམ་གྲངས་30མཐའ་བསྡུར་གྱི་འགྲན་བསྡུར་ནང་ཚུད་ཡོད་པ་རེད། རྣམ་གྲངས་ཀྱི་གྲས་སུ་ལོ་ཆུང་བྱིས་པར་གཅེས་སྐྱོང་དང་། འཕྲོད་བསྟེན་བདེ་ཐང་། རྒན་རྒོན་ལ་ཞབས་ཞུ། སྡེ་ཁུལ་བཅོས་སྐྱོང་དང་ཁྱིམ་མཚེས་ལྟ་སྲུང་སོགས་ཁྱབ་ཁོངས་12ཚུད་ཡོད་པ་རེད།

ད་ཐེངས་ཀྱི་མཐའ་བསྡུར་འགྲན་བསྡུར་ནང་ལམ་འཁྲབ་བརྩོན་ལེན་གྱི་བྱ་ཐབས་སྤྱད་དེ་དང་བླངས་ཞབས་ཞུའི་རྣམ་གྲངས་ལ་ཞིབ་དཔྱད་བྱས་པ་རེད། རྣམ་གྲངས་ཁག་གི་འཐུས་མིས་སྤྲོ་སེམས་དང་གསོན་ཉམས་དོད་པོས་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་ལྟེ་བའི་འདུ་ཤེས་དང་རྩ་འཛུགས་དོ་དམ། གསར་གཏོད་ནུས་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ། བོད་ཀྱི་རྒྱ་ཆེའི་གཞོན་ནུ་དང་བླངས་པས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་ལག་ལེན་ཁྲོད་དུ་ཡར་རྒྱས་ཐོབ་བཞིན་པ་དང་། དུས་རབས་གསར་པའི་གཞོན་ནུའི་ལས་འགན་དང་འགན་ཁུར་གསལ་འགྲེལ་བྱས་པ་རེད།

འགྲན་རྩོད་འཁྲུག་པོ་བྱས་པ་བརྒྱུད་གསེར་གྱི་བྱ་དགའི་རྣམ་གྲངས་2དང་དངུལ་གྱི་བྱ་དགའི་རྣམ་གྲངས་5ཟངས་ཀྱི་བྱ་དགའི་རྣམ་གྲངས་8ལ་དཔྱད་འདེམས་བྱས་པ་རེད། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་བྱ་དགའ་ཐོབ་པའི་རྣམ་གྲངས་ཁྲོད་ནས་ལེགས་འདེམས་བྱས་ཏེ་སྐབས་བདུན་པའི་ཀྲུང་གོའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ནང་ཞུགས་རྒྱུའི་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད། དང་བླངས་ཞབས་ཞུའི་སྤེལ་རེས་ཚོགས་འདུའི་ཐོག་རྣམ་གྲངས་ཁག་གིས་འགྲེམས་སྟོན་བརྡ་ཁྱབ་སྦྱར་རྒྱུ། རིག་གནས་གསར་གཏོད་འགྲེམས་སྟོན། གསར་གཏོད་མཉམ་འགུལ་སོགས་ཀྱི་རྣམ་པའི་ཐོག་ནས་དང་བླངས་ཞབས་ཞུའི་གྲུབ་འབྲས་མངོན་པ་དང་། དང་བླངས་ཞབས་ཞུའི་ཉམས་མྱོང་མཉམ་སྤྱོད་དང་སྤེལ་རེས་མཉམ་སྤེལ་གྱི་སྐར་ཁུང་ཆུང་ཆུང་ཞིག་མཁོ་འདོན་བྱས་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博