http://zw.xzqnb.cn/Content/weixinlogo.png
ང་རང་བློ་བདེ་བག་ཕེབས་ཀྱི་ངང་ནས་འབོལ་ཁྲིའི་སྟེང་དུ་ཁ་པར་གྱི་ར
http://zw.xzqnb.cn/m/content/2024-08/16/000814.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལམ་སྟོན་གྱི་སྒྲོན་མེ།

༄༅། །ཨ་མ་དྲན་བྱུང་།

༄༅། །སློབ་འགོ་ཚུགས་སོང་།

༄༅། །ལུག་རྫི་དང་སྤྱང་ཕྲུག

等待处理…

༄༅། །སློབ་འགོ་ཚུགས་སོང་།

作者 བསོད་ནམས་ཟླ་བ།
2024年08月16日

ང་རང་བློ་བདེ་བག་ཕེབས་ཀྱི་ངང་ནས་འབོལ་ཁྲིའི་སྟེང་དུ་ཁ་པར་གྱི་རོལ་རྩེད་ལ་དབྱིངས་ཞུགས་བཞིན་སྡོད་སྐབས། “ཏིང་ལིང”ཞེས་འཛིན་བདག་གིས་བསྐུར་བའི་བརྡ་ཐོ་ཞིག་འཛིན་གྲྭའི་ཚོགས་པའི་ནང་དུ་འབྱོར་སོང་། ངས་ཁ་ཕྱེ་ནས་ཉན་སྐབས་སློབ་གྲྭ་འཚོག་རྒྱུ་ཡིན་ཞེས་གསུངས་འདུག་པས། གློ་བུར་དུ་ངའི་མིག་ལམ་དུ་སློབ་གྲྭ་འཚོགས་རྗེས་ཀྱི་འཚོ་བ་གསལ་ལྷང་ངེར་འཆར་བྱུང་།

ཕྱི་ཉིན་ང་འཚབ་འཚུབ་ངང་འབྲི་རུ་ལ་ཡོང་བ་ཡིན། འབྲི་རུར་སླེབས་རྗེས་ངས་དབུགས་རིང་ཞིག་བཏང་ནས་རྒྱུན་མི་ཆད་པར་སློབ་འགོ་ཚུགས་རྒྱུ་མགྱོགས་པོ་འདི་འདྲ་གང་ཡིན་ནམ་ཞེས་འཁང་ར་ཡང་ཡང་བྱས།

ཞོགས་པ་ངས་ངའི་གྲོགས་པོར་རོགས་བྱས་ཏེ་དེབ་ཉོ་རུ་ཕྱིན་པ་ཡིན། ཡིན་ན་ཡང་། དེ་ཉིན་ནི་སློབ་འགོ་ཚུགས་རན་པའི་རྐྱེན་གྱིས་དེབ་ཁང་ནང་དུ་མི་ཡིས་ཁེངས་པས་འཛུལ་ས་ཡང་རྙེད་མ་བྱུང་། ནང་ལ་སླེབས་རྗེས་ངས་སྦྱོང་ཚན་དང་དཔེ་དེབ་དེ་དག་དཔེ་ཁུག་ནང་དུ་བླུགས་རྗེས་སྐྲ་གཞར་བར་སོང་བ་ཡིན། སྒྲ་གཞར་མཁན་གྱིས་མི་མང་པོ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་བྲེལ་འཚུབ་ཀྱིས་བཞར་སོང་བས་ངའི་ཡིད་ཚིམས་པོ་རང་མ་བྱུང་། ཁོས་ངའི་སྐྲ་རིང་ཐུང་ཤོར་ཏེ་ཆ་མི་སྙོམས་པ་ཞིག་བཞར་འདུག་མོད། ང་སློབ་གྲྭར་འགྲོ་རན་པས་ཁོ་དང་རྩོད་པ་རྒྱག་ཁོམ་ག་ལ་ཡོད། ངས་ཀྱང་ཐབས་ཤེས་མེད་པར་སྐྲ་བཞར་ཁང་ལས་བྲལ།

ཕྱི་དྲོ་ཆུ་ཚོད་དྲུག་པ་ཙམ་ལ་ངས་སློབ་གོས་དང་སྐེ་དར། ཞྭ་མོ་སེར་པོ་བཅས་གྱོན་ནས་སློར་གྲྭར་ཕྱིན། སློབ་གྲྭའི་སྒོ་ཆེན་ལས་འཛུལ་མ་ཐག་ཡིད་སྐྱོ་བའི་སེམས་ཁམས་ཤིག་གིས་ང་ལ་མི་སྐྱིད་པའི་སྣང་བ་ཤུགས་ཆེན་པོ་སྦྱིན། ང་རང་དལ་གྱིས་སློབ་ཁང་གི་སྒོ་ལས་འཛུལ་བ་དང་། སློབ་མ་ཚང་མ་ཁྱུ་དང་ཁྱུ་བྱས་ཏེ་གུང་གསེང་གི་གནས་ཚུལ་ཤོད་རེས་བྱེད་བཞིན་འདུག ངས་ཀྱང་ཁོ་ཚོ་དང་ལྷན་དུ་བསྡད་ནས་ཕན་ཚུན་སྐད་ཆ་ཤོད་རེས་བྱས།

སློབ་འགོ་ཚུགས་རྗེས་སློབ་མ་མང་པོའི་སེམས་ལ་སྡུག་བསྔལ་བཟོས་ཡོད་ན་ཡང་། ངའི་བསམ་པར་མ་འོངས་པའི་མདུན་ལམ་ལ་རེ་སྨོན་འཆང་མཁན་ཞིག་ཡིན་ཚེ། སློབ་འགོ་ཚུགས་རྒྱུ་ལ་འཛིན་པའི་ངོས་འཛིན་ཡང་འགྱུར་ལྡོག་འགྲོ་བ་མ་ཟད། ཐ་ན་སློབ་ཚན་འཚོགས་རྒྱུར་ཡང་སྤྲོ་སྣང་འཕེལ་སྲིད། དེ་ཡང་ཧྥ་རན་སེའི་རྩོམ་པ་པོ་མོ་པོ་སང་གིས་གསུངས་པ་ལྟར། “འཚོ་བ་ནི་རང་གིས་བསམ་པ་ལྟར་ལེགས་པོ་མེད་ཀྱང་། རང་གིས་བསམ་པ་ནང་བཞིན་སྡུག་པོ་ཡང་མེད”ཅེས་པ་དེའོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博