http://zw.xzqnb.cn/Content/weixinlogo.png
གོང་རིམ་གུང་གཞོན་སྡེ་ཚོགས་རྩ་འཛུགས་ནས་གཞོན་ནུའི་གསོ་སྐྱོང་ལས
http://zw.xzqnb.cn/m/content/2024-08/16/000809.html
《汉文版》 《藏文版》

第03版:ོཕྱོགས་བསྡུས།

བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ལྷ་སར་མཇུག་འགྲིལ་བ།

གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་གཞོན་ནུའི་བྱ་གཞག་ཁྲོད་སྣེ་ཁྲིད་ནན་འཁྱོངས་བྱ་དགོས།

2024ལོའི་ཆབ་མདོ་གྲོང་ཁྱེར་གྱི་དབྱར་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭ་བདེ་བླག་ངང་མཇུག་འགྲིལ་བ།

2024ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོའི་བསྐྱར་འགྲན་གཟབ་རྒྱས་ངང་ཀྱིས་གཉེར་བ།

等待处理…

གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་གཞོན་ནུའི་བྱ་གཞག་ཁྲོད་སྣེ་ཁྲིད་ནན་འཁྱོངས་བྱ་དགོས།

2024年08月16日

གོང་རིམ་གུང་གཞོན་སྡེ་ཚོགས་རྩ་འཛུགས་ནས་གཞོན་ནུའི་གསོ་སྐྱོང་ལས་དོན་དང་། འཚོ་སྐྱོང་། མ་འོངས་མདུན་ལམ་བཅས་ཀྱི་ཆེད་དོན་དུ་ཁྲིད་སྟོན་སྐུལ་སློང་དང་གཞོན་ནུའི་བྱ་གཞག་གང་སྤྱིར་བརྟེན་ནས་ཚགས་པར་དང་། རླུང་འཕྲིན། གསར་འགྱུར་དཔེ་སྐྲུན། དྲ་ཚིགས་སོགས་རིག་གནས་ཁེ་ལས་དང་། བྱ་གཞག་ཚན་པ་འཕེལ་རྒྱས་གཏོང་བར་དམ་འཛིན་ནན་པོ་བྱེད་དགོས་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་དང་སྟོབས་ཤུགས་མཉམ་འབྲེལ་བྱས་ཏེ་གུང་གཞོན་སྡེ་ཚོགས་ཀྱི་ལས་ཞུགས་ལས་གཏོད་ཆུ་ཚད་གོང་མཐོར་གཏོང་དགོས། གཞོན་ནུའི་རྩ་འཛུགས་ཀྱི་ཚོགས་སྤྱི་ནས་དེང་རབས་ཀྱི་གཞོན་ནུ་ལས་བྱེད་པ་དང་། གཞོན་ནུ་ཚོགས་པའི་བསམ་པའི་ཀུན་སྤྱོད་ཀྱི་ཆུ་ཚད་དང་རིག་གནས་འཇོན་ཐང་གི་དགོས་མཁོ་སྐོང་ཐུབ་པ་དང་། གཞོན་ནུའི་དགོས་མཁོར་དམིགས་པའི་རིག་གནས་ཞབས་ཞུ་དང་གཞོན་ནུའི་ཕྲག་སྟེང་དུ་བབས་པའི་དུས་རབས་ཀྱི་གཟི་བརྗིད་ལས་འགན་སོགས་ལ་དང་ལེན་བྱེད་པར་ངེས་པར་དུ་ཏང་དང་མི་དམངས་ཀྱི་མངགས་བཅོལ་རེ་བ་ཆུད་ཟོས་སུ་མི་འགྲོ་བ་དང་། གཞོན་ནུ་སྤྱི་ཚོགས་ཐོག་མཁོ་མེད་འཁྱམས་ཉུལ་དུ་མ་ལུས་པ་བྱེད་དགོས། གཞོན་ནུས་སྔར་བས་རང་འགུལ་དང་གདེང་ཚོད་ཆེན་པོས་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་ལ་བརྟེན་ནས་ཁྲིམས་མཐུན་ཐོག་ཆབ་སྲིད་ཀྱི་ལྟ་བ་དང་གོ་རྟོགས་བརྟན་པོས་སྤྱི་ཚོགས་དང་དམངས་ལ་ཞབས་ཞུའི་ལས་དོན་ནང་ཧུར་ཐག་གིས་ཞུགས་པ་མ་ཟད། གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། རྩ་འཛུགས་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་གཞོན་ནུའི་རྩ་འཛུགས་ལས་ཀར་དོན་སྙིང་གི་དགེ་མཚན་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་དང་། རང་འགུལ་རང་བཞིན་སྔར་བས་འཕེལ་རྒྱས་ཡོང་བ་དང་། ཆུ་ཚད་མཐོར་འདེགས་ཀྱིས་སྦྱོང་བརྡར་དང་སློབ་སྟོན་ཟབ་ཁྲིད་ཐོག་ལག་ལེན་དང་འགན་འཁུར། བརྩི་འཇོག་བྱས་ཏེ་ལས་ཀའི་སྤུད་ཚད་རྒྱུན་མཐུད་ཡོང་བ་བྱེད་དགོས།

གཞོན་ནུས་ཡང་དག་ཆབ་སྲིད་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས་སྡེ་ཚོགས་འཛུགས་པ། གཞོན་ནུའི་འཐབ་ཕྱོགས་ལ་བརྟེན་ནས་སྡེ་ཚོགས་འཛུགས་པ། མང་ཚོགས་དུང་ཕྱུར་མང་པོའི་དགོས་མཁོ་དང་རེ་བཅོལ་ལ་བརྟེན་ནས་སྡེ་ཚོགས་འཛུགས་པ། བསྒྱུར་བཅོས་ལ་བརྟེན་ནས་སྡེ་ཚོགས་སྟོབས་ཆེར་གཏོང་བ། སྡེ་ཚོགས་ནན་པོས་སྐྱོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་གུང་གཞོན་སྡེ་ཚོགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་སྔར་བས་ཤེས་རྟོགས་གཏིང་ཟབ་ཀྱིས་གུང་གཞོན་སྡེ་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཏེ། གཞོན་ནུ་དང་སྤྱི་ཚོགས་དབར་གྱི་ལས་འགན་གྱི་འགན་འཁྲི་དང་མང་ཚོགས་བཅས་དབར་ཐུན་མོང་གི་སྦྲེལ་ཟམ་ཡག་པོ་འཛུགས་དགོས།

གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ། དུས་རབས་ཀྱི་འགན་འཁྲི་དང་། ལོ་རྒྱུས་ཀྱི་ལས་འགན་ལ་ངོས་འཛིན་ཡང་དག་ཐུབ་པར་ཁྲིད་སྟོན་གྱིས་གཞོན་ནུས་སྤྱི་ཚོགས་ཐོག་ལག་ལེན་དངོས་ནས་འཇོན་ཐང་མངོན་ཐུབ་པ་མ་ཟད་རྙིང་འབུད་གསར་འདོན་གྱིས་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ། སྦྱོང་བརྡར་ནས་ལག་ལེན་ཐུབ་པ། ལག་ལེན་ནས་གྲུབ་འབྲས་རྩེར་སོན་ཡོང་བ། གཞོན་ནུས་ཚེ་གང་ཏང་དང་མི་དམངས་སྤྱི་ཚོགས་བཅས་ལ་བླ་ན་མེད་པའི་ལེགས་སྐྱེས་འཕུལ་ཐུབ་པ་བྱེད་དགོས།

བསོད་ནམས་བཀྲིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博