http://zw.xzqnb.cn/Content/weixinlogo.png
འདི་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ
http://zw.xzqnb.cn/m/content/2024-08/09/000793.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པར་གཟིགས་སྐོར་དང་འཚམས་འདྲི་གནང་བ།

བོད་རང་སྐྱོང་ལྗོངས་ཀྱི་མ་ལན་ཧྭ་ལས་གཏོད་གསོ་སྦྱོང་འཆད་ཁྲིད་དགེ་རྒན་འགྲན་བསྡུར་སྐབས་བཞི་པ་གཉེར་བ།

ཆུ་རྐྱལ་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་སྐྱེས་པའི་སྨི་4×100ཡི་མཉམ་བསྲེས་ཆུ་རྐྱལ་མཐུད་འགྲན་གྱི་ཨང་དང་པོ་བླངས་པ།

等待处理…

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་2024ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པར་གཟིགས་སྐོར་དང་འཚམས་འདྲི་གནང་བ།

2024年08月09日

འདི་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་དང་བླངས་པ་གསར་པར་འཚམས་འདྲི་གནང་བཞིན་པ།

ཟླ་7པའི་ཚེས29ཉིན། 2024ལོར་སློབ་ཆེན་སློབ་མ་གསར་དུ་བསྡུས་ནས་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་གསོ་སྦྱོང་བྱེད་རིང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་ཕེབས་ནས་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་གསར་པར་འཚམས་འདྲི་གནང་བ་མ་ཟད། བོད་དུ་ལང་ཚོའི་ཕུགས་འདུན་སྒྲུབ་པ་དང་མི་སྒེར་གྱི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱས་ཏེ། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་སྣོད་བཅུད་བརྟན་ལྷིང་འཕེལ་རྒྱས་དང་མཐའ་མཚམས་སྟོབས་ཆེར་གཏོང་བའི“དོན་ཆེན་བཞི”ལ་ལེགས་སྐྱེས་འཕུལ་ཏེ། དུས་རབས་གསར་པ་དང་ལམ་བུ་གསར་པའི་གཞོན་ནུ་གསར་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་དགོས་པའི་སྐུལ་ལྕག་གནང་བ་རེད།

ཀྲོའུ་དབྱི་ཧྥུང་གིས་དང་བླངས་པའི་ཟ་ཁང་དང་། ཉལ་ཁང་། སྨན་བཅོས་ཁང་སོགས་ལ་ལྟ་ཞིབ་བྱས་ནས་དང་བླངས་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། འབྲེལ་ཡོད་འགན་འཁུར་བས་སྤྲོ་སེམས་འཁོལ་བའི་ཞབས་ཞུ་དང་མི་སེམས་ལ་མགུ་བའི་གཅེས་སྐྱོང་ལ་བརྟེན་ནས་དང་བླངས་པའི་སྙིང་ཉེ་བའི་མི་ཡག་པོ་ཞིག་བྱས་ཏེ་དང་བླངས་པ་ཚོར་ཁྱིམ་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་པའི་བཀའ་སློབ་གནང་བ་རེད། དང་བླངས་པའི་ཟ་ཁང་དུ་བསྐྱོད་སྐབས་ཀྲོའུ་དབྱི་ཧྥུང་གིས་བཟའ་བཅའི་རྒྱུ་ཆ་འདེམས་པ་དང་ལས་སྣོན་གྱི་ལྷུ་ཚིགས་ཁག་ལ་འདྲི་རྩད་ཞིབ་ཕྲ་གནང་བ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣས་བཟའ་བཅའི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བྱས་ཏེ། དང་བླངས་པ་ཚོར་བདེ་འཇགས་བདེ་ཐང་གི་བཟའ་བཅའ་ཟ་དགོས་པའི་བླང་བྱ་བཏོན་པ་རེད། ཀྲོའུ་དབྱི་ཧྥུང་གིས་སྨན་བཅོས་ཁང་དུ་ཡོང་སྐབས་དང་བླངས་པ་ཁ་ཤས་ས་མཐོའི་ལ་དུག་ཕོག་ནས་གཟུགས་པོ་མི་བདེ་བ་བྱུང་པའི་དང་བླངས་པ་ཚོར་སེམས་ཁམས་ལེགས་སྒྲིག་དང་དཀའ་ངལ་ཁྱད་བསད་བྱེད་དགོས་པའི་སེམས་ཁུར་གནང་བ་དང་། སླད་ཕྱིན་གྱི་དང་བླངས་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུའི་སྐུལ་ལྕག་གནང་བ་རེད།

ཆི་ལུའུ་བཟོ་ལས་སློབ་ཆེན་ནས་ཡོང་བའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དབྱང་ཝུན་རན་གྱིས“ངས་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བྱུང་། ངས་གཞོན་ནུ་དེ་བས་མང་བ་དང་མཉམ་དུ་དུས་རབས་ཀྱི་རྦ་རླབས་ཆེན་པོ་ཞིག་ཏུ་གྱུར་ནས་ནུབ་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད”ཅེས་བཤད།

ཚེ་རིང་ཐར་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博