http://zw.xzqnb.cn/Content/weixinlogo.png
སྲིད་པའི་འཇིག་རྟེན་ཁམས་ཀྱི་ཡངས་རྩེ། སྣོད་དང་བཅུད་ཀྱི་སྙིང་པོ།
http://zw.xzqnb.cn/m/content/2024-07/05/000733.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ དྲ་ཐོག་མཐུན་འབྲེལ་བྱེད་སྒོ་སྤེལ་བ།

བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་བོད་ལྗོངས་ཀའོ་ཡོན་ཨན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དབར་སྤྱི་ཕན་ཐབས་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ།

དྭངས་གཙང་ཆུ་ཡི་དགེ་མཚན།

སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ནས་བོད་ཀྱི་སྤྱི་བདེའི་ལས་དོན་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

等待处理…

དྭངས་གཙང་ཆུ་ཡི་དགེ་མཚན།

2024年07月05日

སྲིད་པའི་འཇིག་རྟེན་ཁམས་ཀྱི་ཡངས་རྩེ། སྣོད་དང་བཅུད་ཀྱི་སྙིང་པོ། སྐོམ་པའི་གནས་ལས་གྲོལ་བའི་རྒྱན་ཆ། སྐྱེ་འགྲོ་ཡོད་དོ་ཅོག་གི་མ་མ། འོད་སྟོང་དང་ལེགས་སྐྱེས་ལ་རྫོགས་མཐའ་མེད་པའི་དྭངས་གཙང་གི་བཞུར་རྒྱུན་ཏེ་འདི་ནི་དྭངས་གཙང་ཆུ་ཡི་དགེ་མཚན་ནོ། །

ཁྱེད་ཀྱིས་གཞན་ཕན་ཁོར་ནར་དམིགས་པའི་དགེ་མཚན་དང་། ཞུམ་པ་མེད་པའི་སྙིང་སྟོབས། བརྗོད་མཐའ་བྲལ་བའི་ལེགས་སྐྱེས་དང་སྟོབས་ཤུགས། ཉེ་རིང་ཆགས་སྡང་མེད་པའི་དྲང་སེམས། རིན་ཆེན་འབྱུང་གནས་དེ་ཁྱེད་ཀྱི་ཕུགས་བསམ། གཡོ་དང་རྫུན་ལས་བྲལ་བའི་བརྟན་བརླིང་གི་རང་གཤིས། ཡན་ལག་བརྒྱད་ལྡན་གྱི་ཆུ་དཔོན་ལགས། ཁྱེད་ནི་འབྱུང་བ་ཚ་གདུང་གི་སྡུག་བསྔལ་སེལ་བའི་གྲིབ་བསིལ། ནུ་ཞོ་བཅུད་ལྡན་བསྣུན་པའི་དྲིན་ཆེན་མ་ཡུམ། མེ་ཏོག་སྣ་བརྒྱས་བཞད་པའི་འཕྲུལ་གྱི་ལྡེ་མིག་དེ་རེད་ཨང་། དེ་བས་ཁྱེད་ཀྱི་གཟི་བརྗིད་དང་འོད་མདངས་ལས་ཁྱེད་ནི་འཇིག་རྟེན་ཁམས་འདིར་གནས་པའི་འགྱུར་མེད་རྡོ་རྗེའི་མཚོན་རྟགས་དང་། ཀུན་དགའ་བདེ་སྐྱིད་ཀྱི་ལམ་སྟོན། ཁྱེད་ཀྱིས་གཞན་ཕན་སྒྲུབ་པའི་སྙིང་སྟོབས་འདིར་སྐྱེ་འགྲོ་ཀུན་གྱིས་ཡིད་སྨོན་མི་སྐྱེས་ག་ལ་སྲིད།

འཇིག་རྟེན་འདིར་གནས་པའི་སེམས་ཅན་མཐའ་དག་ནི་ཁྱེད་ཀྱི་ཞིམ་མངར་གྱི་ནུ་ཞོ་ལས་འཚོ་ཞིང་ལུས་ཟུངས་ཀྱི་ཁྲག་དྲོན་ལས་སྐྱེ་འཚར་བྱུང་བ་ལགས། དེའི་སླད་དུ་མི་རྟག་འཁོར་ལོའི་འགྱུར་ལྡོག་ཅི་ཞིག་བྱུང་ཡང་འདྲེན་བྱེད་ཀྱི་ཡུལ་དུ་འཆར་ཡན་གྱི་རྟོགས་སྣང་ཅི་ཞིག་ལགས་ཀྱང་། གཙང་ཆབ་ཁྱེད་ནི་སེམས་དཀར་གཞོན་ནུའི་ཚོགས་ཡོད་དོ་ཅོག་གིས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་བསྐལ་བརྒྱར་གནས་པར་སྨོན། བཞུར་རྒྱུན་ལ་བར་མཚམས་མེད་པའི་དྭངས་གཙང་ཆུ་མོ་ལགས། ཁྱེད་མེད་ན་འཇིག་རྟེན་འདིའི་སེམས་ཅན་རིགས་གྲུབ་མེད་ལ་སྐྱེ་དངོས་རྩྭ་རྩི་ཤིང་དེ་བས་མེད། དེས་མ་ཚད་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་དྲི་ཞིམ་སྣ་བརྒྱས་རྒྱན་པའི་མེ་ཏོག་སྣ་ཚོགས། དེ་བཞིན་འཇིག་རྟེན་གྱི་ནོར་འཛིན་ས་ཁམས་འདིར་གཞན་སེམས་ཡིད་དབང་འཕྲོག་པའི་གནས་ཤིག་ག་ལ་ཡོང་སྲིད།

གཞན་ཡང་འབྲོག་རྒོད་ཀྱི་རྭ་རྩེ་ལས་དུས་རབས་ཀྱི་མེ་སྟག་ཀྱང་མངོན་མི་སྲིད། སྐྱེ་འགྲོའི་ལུས་ཟུངས་ཀྱི་འཕྲིན་ལས་ཀྱང་རྒྱས་མི་སྲིད་ལ་གཙུག་ལག་ཤེས་རིག་གི་མཛད་འཕྲིན་ཡང་སྤེལ་མི་སྲིད། དྭངས་གཙང་གི་ཆུ་མོ་ལགས། ཁྱེད་ནི་འགྲོ་བ་སེམས་ཅན་ཀུན་གྱི་མ་ཡུམ་ཡིན་པས་ངའི་སྙིང་ཁོངས་ལས་མཆེད་པའི་སྙན་ངག་གི་མེ་ལྕེས་ནམ་ཡང་ཁྱེད་ཀྱི་བཀའ་དྲིན་ལ་བསྟོད་གླུ་འབུལ། ངའི་བཅོས་མིན་ལྷག་བསམ་གྱི་སེམས་རྩེ་ལས། ཁྱེད་ལ་ནམ་ཡང་ཞེན་ཆགས་ཀྱི་དཀར་གཙང་མཇལ་དར་འབུལ། གསེར་ལྡན་དགའ་མའི་སྐྱེ་འགྲོའི་འཚོ་གནས་ཀྱི་མདུན་ལམ་སླད་དུ་ངའི་ལུས་ངག་ཡིད་ཀྱི་སྒོ་གསུམ་ཁྱེད་ལ་འབུལ་ཞིང་ཆུ་མོའི་རྒྱན་དུ་བརྟན་ཅིང་ནོར་འཛིན་གོ་ལ་འདི་དང་འགྲོ་བའི་འཚོ་གནས་ཀྱི་ཞིང་ཁམས་འདིར་ཡུན་ནས་ཡུན་དུ་བཞུར་རྒྱུན་ཆད་མི་སྲིད། །

བསོད་ནམས་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博