http://zw.xzqnb.cn/Content/weixinlogo.png
ཡབ་ཡུམ་ཞེས་པའི་ཡིག་འབྲུ་གཉིས་པོ་མཐོང་ཐེངས་རེར། ཕ་མ་གཉིས་ཀྱི་བ
http://zw.xzqnb.cn/m/content/2024-06/14/000699.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མཁས་པ་སློབ་པའི་དུས་ན་སྡུག

༄༅། །བཀའ་དྲིན་ཅན་གྱི་ཡབ་ཡུམ།

༄༅། །འཚར་ལོངས་ནི་ཕམ་ཁ་དང་བྲལ་མི་རུང་།

མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱལ་ཁབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

等待处理…

༄༅། །བཀའ་དྲིན་ཅན་གྱི་ཡབ་ཡུམ།

作者 བསྟན་འཛིན་དབྱངས་སྐྱིད།
2024年06月14日

ཡབ་ཡུམ་ཞེས་པའི་ཡིག་འབྲུ་གཉིས་པོ་མཐོང་ཐེངས་རེར། ཕ་མ་གཉིས་ཀྱི་བྱམས་བརྩེའི་ངོ་གདོང་ངའི་ཡིད་ལ་དབང་མེད་དུ་འཁོར་ཞིང་། དྲིན་ལན་འཇལ་ཐབས་བྲལ་བའི་བྱམས་སྐྱོང་དང་ཉི་མ་ལྟ་བུའི་ཐུགས་ཁུར་དེ་དག་ཀྱང་གསལ་ལྷང་ངེར་དྲན་པར་བྱེད།

ཁོང་གཉིས་ནི་གྲགས་པ་འབར་བའི་མི་སྣ་མིན་རུང་། ངའི་སེམས་ནང་སྐྱེ་བོ་གཞན་སུ་དང་ཡང་མི་འདྲ། བདག་ལ་བཅངས་པའི་བརྩེ་བར་ལྷད་མེད་ཅིང་། དུས་དང་རྣམ་པ་ཀུན་དུ་ངའི་འཚོ་བ་དང་སློབ་སྦྱོང་ལ་རོགས་རམ་བྱེད། སློབ་གསོ་དང་རང་དཔེ་གཞན་སྟོན་ལས་ངའི་མི་ཚེའི་ཁ་ཕྱོགས་རྙེད།

ཐེངས་ཤིག་སློབ་གྲྭ་རུ་ང་རང་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་སྟེ། གོ་མེད་ཚོར་མེད་དུ་འགྱེལ། སློབ་གྲོགས་དང་བཤེས་གཉེན་གྱིས་རོགས་རམ་འོག་ང་རང་སྨན་ཁང་དུ་བསྐྱལ་ཞིང་། གཉིད་ལས་སད་སྐབས་ཡབ་ཡུམ་ངའི་གམ་དུ་སྐྱོ་ཤས་ཀྱིས་བཞུགས་འདུག དྲིན་ཆེན་ཨ་མ་ལགས་ཀྱིས་ངའི་རྐང་པ་རུམ་དུ་བཅུག་ཅིང་། ཨ་ཕ་ལགས་ཀྱིས་ངའི་ལག་པ་ཕྱག་ཟུང་གིས་འཇུས་འདུག ངས་ཁོང་གཉིས་ཀྱི་སེམས་ཁྲལ་ཆེ་བའི་ངོ་གདོང་རིག་ཚེ། ཡིད་སེམས་དགུན་གྱི་ནམ་ཟླ་བཞིན་གྲང་མོར་གྱུར་ཅིང་། ང་དང་གཅེན་གཅུང་ཚོའི་བདེ་སྡུག་གི་ཆེད་དུ། རང་གི་དུས་ཚོད་ཕངས་མེད་དུ་བརླག་པའི་ཁོང་གཉིས་སྐུ་ལས་ཁག་སོང་། ངས་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་ཡབ་ཡུམ་གཉིས་ཀྱི་བཀའ་དྲིན་འཇལ་ཆོག་ཨང་།

ཁོང་གཉིས་པོའི་ངོ་གདོང་དང་བྱ་བྱེད་རྣམས་ཡིད་ལ་དྲན་ཐེངས་རེར། རང་ཉིད་གོ་མེད་ཚོར་མེད་དུ་སྡོད་པར་འགྱོད་པ་སྐྱེ་འོང་། ཕ་མ་དང་སྤུན་མཆེད་ཀྱིས་བཅངས་པའི་རེ་བ་དང་ཡིད་ཆེས་ཀྱི་མིག་ཟུང་ལས། རང་གཞན་གཉིས་ཀར་ཕན་པའི་མི་ཞིག་བྱེད་ཨང་སྙམ་པའི་འདུན་པ་ཆེ་ལ། སློབ་སྦྱོང་ལ་འབད་པ་ལྷུར་ལེན་བྱེད་པའི་སེམས་ཤུགས་ངང་གིས་སྐྱེ།

དྲིན་ཆེན་གྱི་ཡབ་ཡུམ་ལགས། ཁྱེད་གཉིས་མ་འོངས་ལོ་ཟླའི་ནང་ནད་མེད་ཚེ་རིང་དང་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བར་ཤོག ངས་ཁྱེད་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་ལ། ཁྱེད་གཉིས་ཀྱིས་ངའི་ཆེད་དུ་ངལ་བ་ཁུར་དུ་བླངས་པའང་བརྗེད་མི་སྲིད། ཡབ་ཡུམ་ཁྱེད་གཉིས་ནི་ངའི་མི་ཚེའི་སྤོབས་པ་ཡིན་ལ། ང་རང་ཁྱེད་གཉིས་ཀྱི་བུ་མོ་བྱེད་རྒྱུ་བྱུང་བ་ཡང་ངའི་མི་ཚེའི་ནང་གི་བདེ་སྐྱིད་ཆེ་ཤོས་དེ་ཡིན། །

འབྲི་རུ་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博