http://zw.xzqnb.cn/Content/weixinlogo.png
ཉིན་ཤས་གོང་གི་ཞོཌ་པ་ཞིག་ལ། ལས་ཀར་འགྲོ་བའི་སྐབས་དང་འཁེལ་བས་ལྷ་
http://zw.xzqnb.cn/m/content/2024-06/07/000681.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་བ།

གཞོན་ནུའི་གཉེན་སྒྲིག་མཐུན་འབྲེལ་བྱེད་སྒོ་སྤེལ་བ།

ང་ཚོ་གདོང་ལེན་རུ་ཁག་ལ་ཞུགས་པ་ཡིན།

མི་དམངས་ཉེན་རྟོག་པས་ལས་ཀར་འགྲོ་བའི་ལམ་བར་ནས་མང་ཚོགས་གཅིག་གི་སྲོག་བསྐྱབས་པ།

等待处理…

མི་དམངས་ཉེན་རྟོག་པས་ལས་ཀར་འགྲོ་བའི་ལམ་བར་ནས་མང་ཚོགས་གཅིག་གི་སྲོག་བསྐྱབས་པ།

2024年06月07日

ཉིན་ཤས་གོང་གི་ཞོཌ་པ་ཞིག་ལ། ལས་ཀར་འགྲོ་བའི་སྐབས་དང་འཁེལ་བས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཉེན་བསུའི་ཟམ་ཆེན་ཐོག་རླངས་འཁོར་ཆུ་རྒྱུག་པ་ལྟར་སྣང་།

ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གླིང་ཕྲན་གཉིས་མངགས་གཏོང་ཁང་ཀྲུང་ཧོ་རྒྱལ་སྤྱིའི་གྲོང་གི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་འཇིགས་མེད་གྲགས་པས་རྒྱུན་གཏན་ལྟར་རྐང་འཁོར་བཞོན་ནས་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་ལས་རེས་བྱེད་པར་བསྐྱོད་པ་དང་། གཉེན་བསུའི་ཟམ་ཆེན་དུ་སླེབས་སྐབས་སྐྱེས་པ་ཞིག་གིས“ད་དུང་དེ་འདྲ་བྱས་ན་ང་ཟམ་པ་ནས་མཆོང་གི་ཡིན”ཞེས་པའི་སྒྲ་གསལ་ལ་མི་གསལ་བ་ཞིག་ཐོས་བྱུང་། དེ་རྗེས་དལ་བུར་རྐང་འཁོར་བཞོན་བཞིན་ཟམ་པའི་ཕྱོགས་སུ་ལྟ་སྐབས་གཉེན་བསུའི་ཟམ་ཆེན་གྱི་ལྗོངས་གཟིགས་སྒང་དུ་སྐྱེས་པ་ཞིག་གིས་སྒྲོམ་སྐྱོར་ཕྱིར་ལངས་ཏེ་ལག་པ་གཅིག་སྒྲོམ་སྐྱོར་ལ་འཇུས་པ་དང་ལག་པ་གཞན་པས་ལག་ཐོགས་ཁ་པར་གྱི་བརྙན་ལམ་བསྟན་ནས་ཁ་པར་རྒྱག་བཞིན་འདུག ཁོ་པའི་གཟུགས་པོ་འདར་སིག་སིག་བྱེད་བཞིན་ཡོད་ལ་མར་ལྷུང་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད།

འཇིགས་མེད་གྲགས་པས་གནས་ཚུལ་དེ་མཐོང་རྗེས་འཕྲལ་མར་རྐང་འཁོར་བཞག་སྟེ་སྐྱེས་པ་དེའི་རྒྱབ་ནས་ཉེ་སར་བཅར་བ་དང་ཆབས་ཅིག ཁོ་པས་སྣང་བ་མ་བཞག་པའི་་སྐབས་དང་བསྟུན་ནས་སྐྱེས་པ་དེའི་རྒྱབ་ནས་འཐེན་ཏེ་ལྗོངས་གཟིགས་སྒང་གི་བདེ་འཇགས་ཁུལ་དུ་འཐེན།

བདེ་འཇགས་ཁུལ་དུ་བསྐྱལ་རྗེས། སྐྱེས་པ་དེའི་སེམས་ཁམས་ད་དུང་བརྟན་པོ་མེད་ཅིང་། “རང་སུ་ཡིན། ང་ལ་ཁ་ཡ་བྱེད་མི་དགོས”ཞེས་ཡང་ཡང་སྐད་བརྒྱབ།

འཇིགས་མེད་གྲགས་པས་སྐྱེས་པ་དེའི་སྐེད་པར་དམ་པོར་འཇུས་ཏེ་ཁོ་པར“ང་ཉེན་རྟོག་པ་ཡིན། རང་གིས་བསམ་བློ་གང་བྱུང་མ་གཏོང་། སྐད་ཆ་གང་ཡོད་ནའང་རང་གིས་ང་ལ་ཤོད་དང་། ངས་ཐབས་ཤེས་འདོན་རོགས་བྱེད་ཆོག”ཅེས་བཤད། དེ་རྗེས་འཇིགས་མེད་གྲགས་པས་110བཀོད་འདོམས་ལྟེ་གནས་ལ་ཁ་པར་བརྒྱབ་ནས་བཀོད་འདོམས་ལྟེ་གནས་ཀྱིས་མི་དམངས་ཉེན་རྟོག་པ་མངགས་ཏེ་རོགས་སྐྱོར་བྱེད་རོགས་ཞུས།

སྐར་མ་3ཙམ་སོང་རྗེས་གཙང་འགྲམ་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་རོགས་སྐྱོར་མི་དམངས་ཉེན་རྟོག་པ་དེ་གར་འབྱོར་བ་དང་། མི་མང་པོས་མཉམ་དུ་སྐྱེས་པ་དེ་ཟམ་པའི་འོག་ཏུ་ཁྲིད། མི་དམངས་ཉེན་རྟོག་པས་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད། སྐྱེས་པ་དེའི་སེམས་ཁམས་ཞི་ལྷོད་དུ་སོང་བ་མ་ཟད་ཟང་ཟིང་གཏན་ནས་མི་བྱེད་རྒྱུའི་ཁས་བླངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྔ་ཉིན་གྱི་དགོང་མོར་ནང་མི་དང་ཁ་རྩོད་ཤོར་རྗེས། སྐྱེས་པ་དེས་ཡིད་མུག་ནས་རང་གཅིག་པུར་སྦི་རག་འཐུང་བ་དང་། ཉིན་གཉིས་པའི་ཞོགས་པར་གཉེན་བསུའི་ཟམ་ཆེན་དུ་བསྐྱོད་ནས་རང་ཤི་རྒྱག་རྩིས་བྱེད་སྐབས། ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་ལས་ཀར་སྐྱོད་བཞིན་པའི་མི་དམངས་ཉེན་རྟོག་པ་འཇིགས་མེད་གྲགས་པས་མཐོང་ནས་བསྐྱབས་པ་རེད།

གནས་ཚུལ་ཐོན་རྗེས་སྐྱེས་པ་དེའི་ནང་མི་ས་ཆ་དེར་ཡོང་ནས་མི་དམངས་ཉེན་རྟོག་པར་སེམས་འགུལ་ཆེན་པོས་ཐུགས་རྗེ་ཆེ་ཞུས་པ་རེད། འཇིགས་མེད་གྲགས་པས“དེ་ནི་མི་དམངས་ཉེན་རྟོག་པ་ཞིག་གིས་སྒྲུབ་དགོས་ངེས་ཀྱི་བྱ་བ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ་མི་དགོས”ཞེས་བཤད།

བསྟན་བཟང་གིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博