西藏青年报藏文版གལ་ཆེའི་གསར་འགྱུར། བོད་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་བ། གཞོན་ནུའི་གཉེན་སྒྲིག་མཐུན་འབྲེལ་བྱེད་སྒོ་སྤེལ་བ། ང་ཚོ་གདོང་ལེན་རུ་ཁག་ལ་ཞུགས་པ་ཡིན། མི་དམངས་ཉེན་རྟོག་པས་ལས་ཀར་འགྲོ་བའི་ལམ་བར་ནས་མང་ཚོགས་གཅིག་གི་སྲོག་བསྐྱབས་པ།

放大 缩小 默认

ང་ཚོ་གདོང་ལེན་རུ་ཁག་ལ་ཞུགས་པ་ཡིན།

འདི་ནི་ལོ་རིམ་དང་པོའི་རུ་འབྲིང་ཁག་ལ་རུ་དར་སྤྲོད་བཞིན་པ།

ཟླ་5ཚེས་30ཉིན་ལྷ་ས་གྲོང་ཁྱེར་གྱིས་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར“ལོ་ཆུང་སྐེ་དར་དམར་པོ་མེས་རྒྱལ་ལ་དགའ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལོ་རིམ་དང་པོའི་རུ་མི་གསར་པ་གདོང་ལེན་རུ་ཁག་ལ་ཞུགས་པའི་མཛད་སྒོ་དང“སྐེ་དར་དམར་པོའི་གཟེངས་རྟགས”ཀྱི་སྐར་ལྔའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། མཛད་སྒོ་འཚོག་ཡུལ་དུ་རུ་མི་རྙིང་པ་ཚོས་རུ་མི་གསར་པ་ཚོར་སྐེ་དར་དམར་པོ་བཏགས་པ་དང་། རུ་ཆེན་གྱི་ཟུར་ཁྲིད་པས་རུ་མི་གསར་རྙིང་ཚོའི་སྣེ་ཁྲིད་དེ་གདོང་ལེན་རུ་ཁག་ལ་ཞུགས་པའི་དམ་བཅའ་སྒྲོག་སྦྱངས་བྱས་པ་དང་སྦྲགས་རུ་མི་ཚོས་དགའ་སྤྲོ་ཆེན་པོས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པའི་གླུ་གཞས་བཏང་ཞིང་། སྐད་གསང་མཐོན་པོའི་གླུ་སྒྲ་སློབ་གྲྭ་ཡོངས་སུ་གྲགས་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明