西藏青年报藏文版གལ་ཆེའི་གསར་འགྱུར། བོད་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་བ། གཞོན་ནུའི་གཉེན་སྒྲིག་མཐུན་འབྲེལ་བྱེད་སྒོ་སྤེལ་བ། ང་ཚོ་གདོང་ལེན་རུ་ཁག་ལ་ཞུགས་པ་ཡིན། མི་དམངས་ཉེན་རྟོག་པས་ལས་ཀར་འགྲོ་བའི་ལམ་བར་ནས་མང་ཚོགས་གཅིག་གི་སྲོག་བསྐྱབས་པ།

放大 缩小 默认

གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱིས།

གཞོན་ནུའི་གཉེན་སྒྲིག་མཐུན་འབྲེལ་བྱེད་སྒོ་སྤེལ་བ།

གཞོན་ནུ་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། གཞོན་ནུས་ཡིད་སྨོན་འཆོར་བ་དང་ལང་ཚོའི་གཟི་དཔལ་ངོམ་ཐུབ་པའི་དེང་རབས་ཅན་གྱི་ལྷ་ས་གསར་པ་གཏོད་པ། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་ཡ་རབས་སྐྱོན་བྲལ་གྱི་གཉེན་སྒྲིག་ལྟ་བ་འཛུགས་པར་དེ་བས་ལེགས་པས་ཁྲིད་སྟོན་བཅས་བྱ་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་བོད་ལྗོངས་གནས་ཚང་མགྲོན་ཁང་ཆེན་པོ་རུ་གཞོན་ནུའི་གཉེན་སྒྲིག་མཐུན་འབྲེལ་བྱེད་སྒོ་སྤེལ་བ་རེད།

“མ་བཤད་སེམས་པ་མཐུན”ཞེས་པའི་རོལ་རྩེད་ཁྲོད་བྱེད་སྒོ་འགོ་ཚུགས་ཤིང་། གྲོང་ཁྱེར་གྱི་ལས་ཁུངས་ཁག་དང་། ཁེ་ལས(བྱ་གཞག)ཚན་པ་ཁག་ནས་ཡོང་བའི་ལས་བཟོ་གཞོན་ནུ་300ལྷག་ཙམ་གྱིས་ཞིམ་ཟས་ལ་རོལ་ཞོར་དུ་རོལ་རྩེད་སྣ་ཚོགས་ནང་ཧུར་ཐག་ཞུགས་པ་རེད། དེ་གར་ཡོད་པའི་གཞོན་ནུ་རྣམས་ཕན་ཚུན་ཆ་རྒྱུས་མེད་པ་ནས་ངོ་ཤེས་པ་དང་། ངོ་ཤེས་པ་ནས་སེམས་མཐུན་གྱི་གཏན་གྲོགས་སུ་གྱུར་ཏེ། བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོ་དང་སྐྱིད་སྣང་གིས་ཁེངས། ཆུ་ཚོད་3གྱི་བྱེད་སྒོའི་རིང་། གཞོན་ནུ་30ལྷག་ཙམ་ཕན་ཚུན་ངོ་ཤེས་པ་དང་སེམས་པ་མཐུན་ནས་སྐད་འཕྲིན་སྣོན་རེས་བྱས་པ་རེད། གཞོན་ནུ་མང་ཆེ་བས་ཕྱིས་སུ་ཕན་ཚུན་འབྲེལ་འདྲིས་ཐུབ་ཆེད་ཁ་པར་ཨང་གྲངས་བཞག་པ་རེད།

ད་ཐེངས་ཀྱི་བྱེད་སྒོར། གྲོགས་པོ་སྒྲིག་པའི་འབྲེལ་ཟམ་ཞིག་བསྐྲུན་ཞིང་། ལྷ་ས་གྲོང་ཁྱེར་གྱི་ཕོ་ཧྲེང་མོ་ཧྲེང་ཚོ་དུས་རྒྱུན་ལས་བྲེལ་ཆེ་བ་དང་། ཁོམ་པ་མེད་པ། སྤྱི་ཚོགས་ཀྱི་འབྲེལ་འདྲིས་ཉུང་བ་སོགས་ཀྱི་དབང་གིས“དགའ་རོགས་འཚོལ་དཀའ་བའི”གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས་པ་དང་། གཞོན་ནུ་ཕོ་ཧྲེང་མོ་ཧྲེང་གི་གྲོགས་པོ་སྒྲིག་པའི་དགོས་མཁོ་ལེགས་པར་བསྐངས་ཏེ། ལྷ་སའི་གཞོན་ནུའི་གཉེན་སྒྲིག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

ཚེ་སྒྲོལ་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明