http://zw.xzqnb.cn/Content/weixinlogo.png
ཁང་དམར་རྫོང་དགའ་ལ་ཤང་སློབ་ཆུང་གི་དགེ་རྒན་གཡང་འཛོམས་ཀྱིས་ངལ་ར
http://zw.xzqnb.cn/m/content/2024-05/31/000670.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བརྩེ་སེམས་དང་སེམས་ཤུགས་ཡོད་རྒུས་སློབ་མའི་འཚར་ལོངས་ཆེད་དུ་འབད་པ།

ནོར་འཛིན་གོ་ལའི་འཁུན་སྒྲ།

ལེགས་རྩེ་འགག་སྒོས་ལོ་ཕྱེད་སྒོ་དབྱེའི་གྲུབ་འབྲས་འགྲེམ་སྟོན་གཉེར་བ།

等待处理…

བརྩེ་སེམས་དང་སེམས་ཤུགས་ཡོད་རྒུས་སློབ་མའི་འཚར་ལོངས་ཆེད་དུ་འབད་པ།

2024年05月31日

ཁང་དམར་རྫོང་དགའ་ལ་ཤང་སློབ་ཆུང་གི་དགེ་རྒན་གཡང་འཛོམས་ཀྱིས་ངལ་རྩོལ་དུས་ཆེན་མ་ཟིན་སྔོན་སློབ་མ་རྣམས་ཕྱི་ལ་འགྲོ་དུས་ཡིད་གཟབ་བྱེད་དགོས་པའི་བསླབ་བྱ་གནང་གི་ཡོད། དེ་ཡང་ཕྱི་ལ་འགྲོ་དུས་བདེ་འཇགས་ལ་གཟབ་དགོས་པ་དང་། ལམ་གཡས་གཡོན་དུ་རྩེད་མོ་མི་རྩེ་བ། གད་སྙིགས་རིགས་ཀྱི་བཟས་མི་བཟའ་བ། མེ་ཟོན་ལ་དོགས་ཟོན་བཅས་ནི་དུས་ཆེན་སྔོན་གྱི་ཡང་ནས་བསྐྱར་དུ་སློབ་མར་གསུངས་དགོས་པའི་དོན་དག་ཡིན་པས། སློབ་མ་ངལ་གསོ་འཇོག་པ་དེ་ནི་དགེ་རྒན་གཡང་འཛོམས་ངོས་ནས་བརྗོད་ན་སེམས་འཚུབ་ནས་སྡོད་དགོས་པའི་དུས་ཚོད་ཅིག་ཡིན།

གཡང་འཛོམས་ནི2007ལོའི་ཟླ་6པར་བོད་ལྗོངས་སློབ་ཆེན་ནས་སློབ་ཐོན་རྗེས་ས་སྐྱ་རྫོང་དགའ་རུབ་ཤང་སྟག་རྩེ་གྲོང་ཚོའི་སློབ་ཆུང་གི་དགེ་རྒན་གྱི་འགན་བཞེས་ཡོད། གྲོང་ཚོ་དེ་ནི་རྒྱ་མཚོའི་ངོས་ལ་སྨིད4500ཟིན་པས་མཁའ་རླུང་མཐོ་ལ་ཆ་རྐྱེན་སྐྱོ་བས། སྐབས་དེ་དུས་སློབ་གྲྭར་གློག་མེད་ལ་ཁྲིད་ཆུ་གཙང་མ་ཡང་མེད། ལུས་རྩལ་ཐང་ཆེན་མེད་ལ་སློབ་ཁང་དང་དགེ་རྒན་གྱི་ཉལ་ཁང་དག་ས་ཁང་ཡིན། མ་གཞི་སློབ་གྲྭའི་ཆ་རྐྱེན་ཞན་ཡང་གཡང་འཛོམས་ཀྱིས་ཕྱིར་ཤོལ་མེད་པར་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དག་སློབ་ཁྲིད་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ནས་དེ་གའི་དགེ་རྒན་རྣམས་དང་མཉམ་དུ་སློབ་ཁྲིད་གསར་སྤེལ་དང་སློབ་ཁྲིད་ཞིབ་འཇུག་བྱས་ནས་སློབ་ཁྲིད་ཀྱི་ཐབས་ཤེས་ཕུན་སུམ་རྗེས་ཚོགས་སུ་བཏང་བ་དང་། སློབ་གསེང་ཁོམ་དུས་ཡོད་ཚད་དགེ་རྒན་གཞན་དག་གི་སློབ་ཚན་ཉན་པ་དང་ཟིན་བྲིས་བྱེད་པ། སློབ་ཚན་གྲོལ་རྗེས་ཁེངས་སྐྱུང་ངང་ནས་སློབ་སྦྱོང་བྱེད་ཀྱི་ཡོད་ལ། དེ་བཞིན་སློབ་སྦྱོང་དང་བསམ་གཞིག དོན་དངོས་བཅས་ཟུང་འབྲེལ་བྱས་པས་གཡང་འཛོམས་ཀྱི་སློབ་ཁྲིད་འཇོན་ནུས་ལ་ཡར་རྒྱས་ཆེན་པོ་བྱུང་ནས་ཕུལ་བྱུང་གི་སློབ་མ་མི་ཉུང་བ་ཞིག་གསོ་སྐྱོང་བྱས། 2009ལོར་ལས་ཀར་གྲུབ་འབྲས་ལེགས་པོ་ཐོབ་པས་གཡང་འཛོམས་ས་དགའ་རྫོང་སློབ་གསོ་ཅུས་ཀྱིས་ས་དགའ་རྫོང་བྱི་ལིན་ཤང་གི་སློབ་ཆུང་དུ་བཏང་། 2012ལོར་ཡང་བསྐྱར་ཁང་དམར་རྫོང་དགའ་ལ་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་དུ་ལས་འགྱུར་བྱས།

ཁང་དམར་ཤང་དགའ་ལ་ཤང་ལྟེ་བའི་སློབ་ཆུང་ནི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པས། སློབ་ཕྲུག་ཚོ་ཟླ་ཕྱེད་རྗེས་ནང་ལ་ཐེངས་གཅིག་མ་གཏོགས་ལོག་གི་མེད་པས་དེའི་རིང་སློབ་ཕྲུག་རྣམས་སློབ་གྲྭར་སྡོད་དགོས་ཡོད། སློབ་གྲྭ་དེ་ནི་མཁའ་རླུང་མཐོ་བའི་ས་ཆར་གནས་ཡོད་པས་སློབ་གསེང་དུས་ཚོད་ནང་གཡང་འཛོམས་ཀྱིས་སློབ་མའི་སྐྲ་འཁྲུ་བ་དང་སྐྲ་བཤད་པ་སོགས་སློབ་མའི་འཚོ་བར་དོ་ཁུར་ཆེན་པོ་གནང་གི་ཡོད། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་གཡང་འཛོམས་ཀྱིས་སློབ་མའི་སློབ་སྦྱོང་ཙམ་མ་ཟད་མི་ཡག་པོ་བྱེད་དགོས་པའི་སློབ་གསོ་སྐྱོན་གྱི་ཡོད། 2012ལོ་ནས་གཡང་འཛོམས་དགའ་ལ་ལྟེ་བའི་སློབ་ཆུང་དུ་སློབ་ཁྲིད་དགེ་རྒན་ལ་སླེབས་པ་ནས་བཟུང་ཁོང་གིས་སློབ་ཁྲིད་གནང་བའི་སློབ་མ་མི་ཉུང་བ་ཞིག་ནང་སའི་སློབ་གྲྭར་ཡིག་རྒྱུགས་ལོན་པ་རེད།

གཡང་འཛོམས་ཀྱིས་རང་ཉིད་ཀྱི་སློབ་མ་ཡོངས་ལ་ཉེ་རིང་གི་ལྟ་བ་མ་བཟུང་བར་ལྟ་སྟངས་འདྲ་མཉམ་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ནི་སློབ་གསོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སློབ་མར་ནོར་འཁྲུལ་ཁས་ལེན་བྱེད་ཕོད་པ་དང་སློབ་མའི་ནོར་འཁྲུལ་ལ་བསམ་ཤེས་ཐུབ་པ་བཅས་བྱེད་རྒྱུ་ནི་སློབ་མའི་སེམས་ཁམས་ལ་ཕོག་ཐུག་མེད་པ་དང་སློབ་མའི་མི་གཞི་ལ་བརྩི་བཀུར་བྱེད་པ་རེད་ཅེས་བཤད།

དགེ་རྒན་གཡང་འཛོམས་ནི་ཁྱིམ་ཚང་ཆ་རྐྱེན་ཞན་པའི་སློབ་མར་སེམས་ཁུར་བྱེད་མཁན་ཞིག་ཡིན་པས། སློབ་ཚན་དུས་སུ་སློབ་མའི་ལུས་ཁམས་དང་སེམས་ཁམས་གཉིས་ཀྱི་ཐད་དོ་སྣང་བྱེད་པ་དང་སློབ་མའི་ལེགས་ཆ་དང་སྐྱོན་ཆ་གཉིས་ཀར་ལེགས་བཅོས་ཀྱིས་སློབ་མ་ཚང་མར་གོ་སྐབས་འདྲ་མཉམ་སྤྲད་ནས་རང་ཉིད་ཀྱི་རིན་ཐང་ངོམས་སུ་བཅུག་གི་ཡོད། སློབ་ཚན་གྲོལ་རྗེས་སློབ་མར་སློབ་སྦྱོང་གི་ཐབས་ཤེས་སྣ་ཚོགས་ཟུར་ཁྲིད་བྱས་ཏེ་སློབ་སྦྱོང་གི་སྦྱང་འབྲས་མངོན་གསལ་དོད་པོས་ལེགས་སུ་འགྲོ་ཐབས་གནང་བས། གཡང་འཛོམས་ནི་སློབ་མའི་ངོས་ནས་བརྗོད་ན་རང་ཉིད་ཀྱི་དགེ་རྒན་ཞིག་དང་ཡང་ན་གཅེན་མོ་ཞིག་གམ་གྲོགས་མོ་ལྟ་བུར་འགྱུར་ཡོད་དེ། གཡང་འཛོམས་འཛིན་གྲྭའི་ཀྲུའུ་རེན་བྱེད་རིང་སློབ་མ་ཚོས་ཕ་མར་བཤད་མི་ཕོད་པའི་གནད་དོན་དག་ཁོང་ལ་གསང་བའི་ཐོག་ནས་བཤད་ཀྱི་ཡོད། སློབ་ཚན་ཚོགས་རིམ་བཞིན་ཁོང་གིས་སློབ་གསེང་དུས་ཚོད་བེད་སྤྱད་ནས་སློབ་མའི་དཀྱིལ་དུ་འཛུལ་ནས་སློབ་མ་དང་ཕན་ཚུན་ལབ་གླེང་སྣ་ཚོགས་གནང་ནས་སློབ་མའི་འཚོ་བར་རྒྱུས་ལེན་དང་དོ་ཁུར་བྱས་པས་སློབ་གྲྭ་ཐོན་པའི་སློབ་མ་ཚོས་ཀྱང་ཁོང་དང་རྒྱུན་དུ་འབྲེལ་བ་བྱེད་ཀྱི་ཡོད་པ་རེད།

ད་ལོའི་ཟླ་5པར་གཡང་འཛོམས་ལྔ་གཅིག་གི་བྱ་དགའ་ཐོབ་པས་དེ་བསྟུན་ཁོང་གིས་མ་འོངས་པའི་སློབ་གསོའི་ལས་ཀར་བཅངས་པའི་རེ་བ་ནི། སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་རང་ཉིད་དང་འཚམས་པའི་ལམ་ཐིག་ཐོག་རང་ཉིད་ཀྱི་མི་ཚེའི་རིན་ཐང་དེ་རྒྱ་སེའི་མེ་ཏོག་ལྟར་རྣམ་པར་བཞད་ཐུབ་པ་བྱེད་དགོས་ཅེས་བཤད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博