http://zw.xzqnb.cn/Content/weixinlogo.png
གཞོན་ནུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་
http://zw.xzqnb.cn/m/content/2024-05/17/000649.html
《汉文版》 《藏文版》

第03版:གལ་ཆེའི་གསར་འགྱུར།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་གཉེར་བ།

ཅང་སུའུ་གཞོན་ནུའི་འཐུས་མི་ཚོགས་པས་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དུ་བརྟག་ཞིབ་བཞུགས་མོལ་གནང་བ།

གཞོན་ནུ་ནི་འབྱུང་འགྱུར་གྱི་རྐང་འཛིན་པ་ཞིག་ཡིན།

ལས་རིགས་སློབ་གསོ་སྡེ་ཁུལ་དུ་སྤེལ་ནས་དམངས་ཀྱི་ལུས་སེམས་གཅེས་པར་སྐྱོང་།

等待处理…

གཞོན་ནུ་ནི་འབྱུང་འགྱུར་གྱི་རྐང་འཛིན་པ་ཞིག་ཡིན།

2024年05月17日

གཞོན་ནུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་བྱས་རྗེས་འཇོག་པ་དང་། མི་ཚེའི་ཕུགས་བསམ་མངོན་འགྱུར་བྱེད་པར་གཞོན་ནུའི་བྱ་གཞག་ནི་ཁ་ས་དགོས་གཏུག་ཏུ་ཐུགས་ཡོད་པ་རེད། གཞོན་ནུའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དགོས་རྒྱུ་དང་། གཞོན་ནུའི་བསམ་བློའི་མཛུབ་ཁྲིད་དང་། ཆབ་སྲིད་ཀྱི་བསམ་བློ་སྐྱོན་བྲལ་ངང་ཡར་ཐོན་ཡོང་བ་དང་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་ཞུ་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དགའ་ཞེན་དང་། གཞུང་དྲང་རྒྱལ་སྲུང་ལ་བརྩོན་སེམས་ཆེ་བ། གོང་རིམ་སྲིད་འཛིན་དབུ་ཁྲིད་ལ་བརྩི་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་གཞོན་ནུའི་ལས་ཀར་བརྩི་བཀུར། དར་ཆ་གསལ་སྟོན་གྱིས་ཁ་འཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། གཞོན་ནུའི་གཞི་རྩའི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་བྱ་གཞག་གསར་སྐྲུན་བྱ་རྒྱུ། གཞོན་ནུའི་རིག་གནས་བྱང་ཚད་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་སྐུལ་ལྕག་གཏོང་དགོས། ལྷག་པར་དུ་གཞོན་ནུའི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཡོང་བ་བྱས་ནས་གཞོན་ནུ་དེ་བས་མང་པ་སྤྱི་ཚོགས་འཛུགས་སྐྱོང་ནང་བཞུགས་ཐུབ་པ་བྱེད་དགོས།

གཞོན་ནུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བླང་བྱ་གསར་པ་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་གསར་པ། དུས་རབས་ཀྱི་རེ་སྒུག་གསར་པ་བཅས་སོགས་མངོན་གསལ་དོད་པོས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཆེས་གལ་འགངས་དང་གཞོན་ནུའི་དམག་གྲབས་ཀྱི་འཐབ་ས་དང་པོ་ཞིག་ཡིན་པ་རེད།

གཞོན་ནུའི་ལས་དོན་ལ་དམ་འཛིན་བྱེད་པ་ནི་དེང་རབས་ལ་དམ་འཛིན་བྱེད་པ་ཞིག་དང་། གཙོ་གནད་རྒྱུན་འཛིན་དང་དམིགས་ཡུལ་རྒྱུན་འཛིན། བསམ་འདུན་རྒྱུན་འཛིན། མ་འོངས་ལ་ཁ་ཕྱོགས་པ་དང་དེང་རབས་ལ་ཁ་ཕྱོགས་པ། གཞོན་ནུའི་འཐབ་ཕྱོགས་ལ་ཁ་ཕྱོགས་པ་བཅས་ནི་གཙོ་ཆེར་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་གཞོན་ནུའི་ལས་དབང་དང་འབྲེལ་ཡོད་པ་ཤ་སྟག་ཡིན་ནོ། །

བསོད་ནམས་བཀྲིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博