དྭངས་སེམས་དང་ཉེ་བའི་པོ་ཏ་ལ་ཡི་བརྗིད་ཉམས་མཇལ་བར་གོམ་པ་འགའ་ཡི་ལམ་ཐག་ལས་མེད་ཀྱང་ཚེ་གཅིག་གི་རྒྱང་རིང་། ལྷ་ཀླུ་ཟམ་པ་ནི་ལྷ་སར་སྐད་གྲགས་ཡོད་པའི་ལས་ཀ་སྒུག་ས་ཞིག་ཡིན། དེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་གླ་པ་རྣམས་འཛོམས་ནས་འཚོ་སྡོད་ཀྱི་གོ་སྐབས་བཙལ་བར་ཡོང་། དེ་ནི་ལང་ཚོའི་དུས་ཀྱི་ན་གཞོན་ཚོས་ནུས་ཤུགས་གང་ཡོད་འདོན་པའི་གོ་སྐབས་དང་གནས་དེ་དང་འབྲེལ་བའི་ལྷ་སྒྲུང་ཞིག་ཀྱང་ཡིན། རྩྭ་སྔོ་དྲེག་གིས་ཁེངས་པའི་ལྷ་ཀླུའི་ཟམ་པ་ནི་གནམ་སྔོན་སྤྲིན་དཀར་གྱི་རྒྱབ་ལྗོངས་འོག་ཆུ་ངོས་འོད་མདངས་བཀྲ་བས་མིག་སྤོ་མི་ཐུབ། སྐྱུག་བྲོ་མི་ཡུལ་གྱི་དམྱལ་བ། མི་ཚེའི་རྒྱུན་རྣམ་གྱི་དོན་དངོས། ངའི་མིག་མདུན་དུ་འདོད་པས་ཁེངས་པའི་ཞིང་ཁམས་དང་མཚར་དུ་བཀྲ་བའི་སྐྱེད་ཚལ་ནི་མིག་ལོང་དང་གཉིས་སུ་མེད་པ་གྱུར། ཟམ་པ་དེ་ངའི་འཚར་ལོངས་ཀྱི་ཟིན་ཐོ་མཁན་བཞིན་རྡོ་གཡམ་ཐོག་ལོ་ཟླའི་གཙང་བཤེར་ལྟར་གོམ་པའི་རྐང་རྗེས་ཇེ་ཟབ་ཏུ་ཕྱིན།
ལོ༡༥སླེབས་པའི་དུས་དེར་ལང་ཚོ་དར་ལ་བབས་པའི་ཨ་ཅག་གཡང་སྒྲོན་ལགས་ཀྱིས་མགོ་རྨོངས་པའི་ངང་ནས་རླངས་འཁོར་བསྡད་དེ་ལྷ་སར་བསྐྱོད། ཁོ་མོས་སྒེའུ་ཁུང་ཕྱི་རོལ་ལ་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བའི་ཡུལ་ལྗོངས་ལ་བལྟས་ནས་ཕ་ས་བྲལ་བའི་བརྩེ་བ་དེ་མཉམ་དུ་འཁྱེར་བཞིན་ངག་རྒྱུན་ཁྲོད་ཀྱི་ཕོ་བྲང་པོ་ཏ་ལ་ནི་ཅི་འདྲ་ཞིག་ཡོད་དམ་སྙམ། གཡང་སྒྲོན་ལགས་ཀྱིས་ལྷ་ཀླུར་འཚོ་གནས་ཀྱི་བརྟེན་ས་ཟ་ཁང་ཞིག་བཙུགས། བྲོ་བ་ཞིམ་པོ་ལ་རིན་གོང་དྲང་གཞག་ཡིན་པས་མགྲོན་པོ་རྒྱུན་ཆད་མེད། དུས་ཚོད་ནི་བྲེལ་འཚུབ་དང་དགའ་སྤྲོའི་འཛུམ་མདངས་འོག་སྐད་ཅིག་མེད་པར་འགྱུར་ངེས་ཡིན། རྒན་རྒོན་གྱི་ངག་རྒྱུན་དུ་ལྷ་སའི་འཕེལ་རྒྱས་ནི་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་དྲན་ཤེས་ནང་དུ་གཡེང་བའི་ཞིང་ཁ་མཐོང་རྒྱུ་མེད་པར་དེའི་ཚབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་དང་མཛེས་བཟོའི་ཚོང་ཁང་། མྱུ་གུ་རྒྱས་པ་ལྟ་བུའི་ཐོག་བརྩེགས་ཁང་ཆེན་བཅས་བསྐྲུན་འདུག་ཟེར། ད་ལོ་ཟ་ཁང་གཉེར་སྐྱོང་བྱས་ནས་ལོ༢༠ཕྱིན་སོང་། ང་དང་ལྷ་ཀླུའི་གཏམ་རྒྱུད་ད་དུང་བཤད་ཚར་མེད།
དུས་རབས་ཀྱི་དཔའ་ངར་གྱེན་དུ་ཕྱོགས་པའི་འཁྱོག་ཐིག་ནི་གཞོན་ནུའི་ཚེ་སྲོག་གི་རྗེས་ཤུལ་ཡིན་ལ་ངས་བརྩེ་བའི་ཕ་ས་འདི་ཡང་དུས་རབས་ཀྱི་ར་སྤྲོད་ཡིན། ཀྲུང་གོའི་མྱུར་ཚད་ད་ལྟ་མགྱོགས་དང་མགྱོགས་བཞིན་པའི་སྒང་ཡིན། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༦)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།