http://zw.xzqnb.cn/Content/weixinlogo.png
བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་དམངས་གཙོའི་བཅོས་བསྒྱུར་བ
http://zw.xzqnb.cn/m/content/2024-04/26/000612.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བ།

འདས་ཟིན་པའི་སྤྱི་ཚོགས་ལ་ཕྱིར་དྲན་བྱེད་པ།

མིའི་རིགས་ཀྱིས་ངེས་པར་དུ་སོ་སོའི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་དགོས།

སའི་གོ་ལར་གཅེས་སྤྲས་བྱེད།

等待处理…

འདས་ཟིན་པའི་སྤྱི་ཚོགས་ལ་ཕྱིར་དྲན་བྱེད་པ།

2024年04月26日

བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༥འཁོར་ཞིང་ལོ་ངོ་༦༥ཡི་གོང་དུ་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་སྣེ་ཁྲིད་མགོན་སྐྱབས་དང་། བརྗིད་ཉམས་སྟོབས་ཤུགས་ལྡན་པའི་དམངས་གཙོའི་ཡར་ལངས་བཅིངས་འགྲོལ་བཏང་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་སྟེ་བོད་ཀྱི་མི་རིགས་ཁག་གི་ཞིང་བྲན་རྣམས་ལ་རང་ཁྱིམ་རང་བདག་སྤྱོད་དབང་ཡོད་ལ་གཟི་བརྗིད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད།

བོད་རྙིང་པའི་སྐབས་སུ་སྐུ་དྲག་གིས་གདུག་རྩུབ་དབང་བསྒྱུར་དང་ཡ་ང་ཡིད་མུག་པའི་དུས་རབས་དེ་ནི་ལོ་རྒྱུས་ཀྱི་བརྗེད་མི་སྲིད་པ་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་དེ་བས་བརྗེད་མི་སྲིད་པའི་གདུག་རྩུབ་ཁྲག་འཇིབས་ཀྱིས་སྤྱང་ཀི་ལྟར་གྱི་དཀའ་ཚེགས་ཀྱི་ལོ་ཟླ་ཞིག་ཡིན།

བྱམས་བརྩེ་བཀའ་དྲིན་ཆེ་བའི་རང་རེའི་ཀྲུང་གོ་གུང་ཁྲན་ཏང་གི་ཐུགས་རྗེའི་མཛད་རྗེས་ཀྱིས་དུས་ཡུན་རིང་པོའི་མུན་ནག་ཏུ་ལྷུང་བའི་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མཐོ་རིམ་དབང་བསྒྱུར་མགོ་རྟིང་བསློགས་ནས་བོད་ཀྱི་ཡར་ཐོན་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱིས་བསྒྱུར་བཅོས་བྱས་ནས། ཞིང་བྲན་ལམ་ལུགས་ཀྱི་མུན་ནག་སྤྱི་ཚོགས་ཀྱི་མཐིལ་ཡོངས་རྫོགས་བརྟོལ་བ་དང་། བྲན་བཀོལ་བཤུ་གཞོག་དང་གཉའ་གནོན་མེད་པར་བཟོས་ནས་བོད་ཀྱི་མི་རིགས་ཁག་གི་སྡུག་བསྔལ་མྱོང་མཁན་གྱི་མི་དམངས་རྣམས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་འདྲ་མཉམ་གྱི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དཔྱིད་ཀྱི་འབྲུག་སྒྲ་ས་གཞི་ཆེན་པོར་གྲགས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འོད་སྟོང་འཕྲོ་བའི་དམངས་གཙོའི་སྲིད་ཇུས་དར་སྤེལ་བཏང་ཡོད།

བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་བའི་ཉིན་དང་པོ་དེ་ནས་བཟུང་སྟེ་གདུག་རྩུབ་ཆེ་བའི་སྐུ་དྲག་གི་ཉི་མ་ནུབ་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་གྱིས་ཉི་མ་ཤར་བས་བོད་ཀྱི་གནའ་བོའི་དམངས་གཞས་སུ་ཤར་ཕྱོགས་སྤྲིན་བཟང་དཀར་པོ། བརྒྱབ་པའི་ལྷན་པ་མ་རེད། ཉི་མ་སྤྲིན་པའི་འོག་ནས། དྭངས་བའི་དུས་ཤིག་ཤར་ཡོང་ལྟ་བུའི་གཞས་ཚིག་ལས་བོད་ལ་རང་ཁྱིམ་རང་བདག་དང་མི་ལུས་ཁེ་དབང་གི་བདེ་སྐྱིད་ཡོང་བའི་རེ་སྒུག་མཚོན་ཡོད།

སྤྱི་ལོ་༡༩༥༩ལོའི་ཟླ་༣ཚེས་༢༨ཉིན་དེ་ནས་བཟུང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མཐོ་རིམ་དབང་བསྒྱུར་གྱི་ལོ་ཟླ་མཇུག་སྒྲིལ་བ་དང་། གདུག་རྩུབ་དང་ཡ་ང་བའི་བོད་རྙིང་པའི་སྐུ་དྲག་གི་རེ་སྟོང་བསམ་འདུན་རྣམས་བསྐྱར་ལོག་མི་ཐུབ་པ་མ་ཟད། ཁོང་ཚོའི་མཐོ་རིམ་དབང་བསྒྱུར་གྱི་མི་རབས་རྒྱུད་འཛིན་གྱི་སྲིད་ཇུས་བསྐལ་བརྒྱའི་བར་དུ་རྦད་དེ་རྩ་གཏོར་དང་འཐོར་བཤིག་ཏུ་སོང་བས་བོད་ཀྱི་ཞིང་བྲན་མི་དམངས་ཡོངས་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བ་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་བསམ་འདུན་མངོན་འགྱུར་བྱུང་ཡོད་པ་རེད།

ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་འོག་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་ལོ་རྒྱུས་སུ་གྱུར་ནས་འབྱུང་འགྱུར་ཕྱོགས་སུ་ཁ་ལོ་བསྒྱུར་བ་དང་། ལྷག་པར་དུ་བོད་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་དང་གསོན་ཤུགས་ཀྱིས་ཁེངས་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་བདེ་སྐྱིད་ཀྱི་ཉི་མ་ཤར་བས་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་ལ་ནམ་ཡང་བསྟོད་གླུ་ལེན་པར་བྱེད་དོ། །

བསོད་བཀྲ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博