西藏青年报藏文版ཕྱོགས་བསྡུས། བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བ། འདས་ཟིན་པའི་སྤྱི་ཚོགས་ལ་ཕྱིར་དྲན་བྱེད་པ། མིའི་རིགས་ཀྱིས་ངེས་པར་དུ་སོ་སོའི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་དགོས། སའི་གོ་ལར་གཅེས་སྤྲས་བྱེད།

放大 缩小 默认

མིའི་རིགས་ཀྱིས་ངེས་པར་དུ་སོ་སོའི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་དགོས།

འཇིག་རྟེན་གྱི་མིའི་རིགས་ཡོངས་རྫོགས་སྐར་མའི་གོ་ལ་གཅིག་གི་སྟེང་དུ་འཚོ་བ་རོལ་བཞིན་ཡོད་པས་དེའི་སྟེང་ན་ང་ཚོས་དབུགས་འབྱིན་རྔུབ་བྱེད་པའི་དབྱང་རླུང་ཡོད་ལ་ད་དུང་སྟུག་པོའི་ནགས་ཚལ་དང་། རྩྭ་ཐང་། མུ་མཐའ་མེད་པའི་རྒྱ་མཚོ། རིགས་སྣ་མང་གི་སྲོག་ཆགས་བཅས་ཡོད་པའི་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ཆེན་མོ་གཅིག་གི་གྲུབ་ཡོད།

ཡིན་ནའང་མི་ཁ་ཤས་ཀྱིས་སའི་གོ་ལས་ང་ཚོར་གནང་བའི་ཆ་རྐྱེན་ལེགས་པོ་ཡོད་ཚད་ལ་གཅེས་སྤྲས་མི་བྱེད་པར་དེ་ལས་ལྡོག་སྟེ་རང་བྱུང་ཁམས་ཆེན་མོ་ལ་གཏོར་བརླག་གཏོང་བཞིན་ཡོད། དཔེར་ན། མི་རྣམས་ཀྱིས་གང་འདོད་ཤིང་སྡོང་བཅད་པས་བྱེ་རྡུལ་རླུང་འཚུབ་ཀྱི་གནམ་གཤིས་ཇེ་མང་དུ་འགྲོ་བཞིན་ཡོད་པས། མི་ལ་ལས་རང་གི་ཁེ་བཟང་ཆེན་པོ་རག་པའི་ཆེད་དུ་རི་སྐྱེས་སྲོག་ཆགས་འབོར་ཆེན་འཛིན་བཟུང་བྱས་ནས་སྲོག་ཆགས་སྣ་མང་ཞིག་རྩ་མེད་དུ་འགྲོ་ཉེར་ཡོད། ཐ་མ་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱེད་སྟངས་སྣ་ཚོགས་ཀྱིས་རང་བྱུང་ཁམས་ཆེན་མོར་གནོད་འཚེ་སྔར་ལས་མང་བ་བཟོས་ཏེ། བྱེ་སེར་གྱིས་ལྗང་མདོག་ནགས་ཚལ་གྱི་ཚབ་བྱས་པ་དང་། རྦ་རླབས་དྲག་ཏུ་འཕྱུར་བའི་གཙང་པོ་སྐམ་པའི་ཆུ་ལམ་དུ་གྱུར་པ། མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཁུལ་དེ་ཐང་རྒོད་དུ་གྱུར་ཡོད། གཏོར་བརླག་རང་བཞིན་གྱི་རང་བྱུང་གནོད་འཚེ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཚར་ལ་ཤུགས་རྐྱེན་ཐེབས་ཤིང་། ད་དུང་རླུང་ཁམས་ཆེན་པོའི་སྦགས་བཙོག་དང་དྲི་ངན་དབྱང་རླུང་བང་རིམ་ལ་ཁུང་བུ་ཡོད་པ་སོགས་ཀྱི་སྣང་ཚུལ་འདི་དག་ནི་མི་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་མི་བྱེད་པའི་རྐྱེན་གྱིས་མཇུག་འབྲས་ངན་པ་བཟོས་པ་ཤ་སྟག་ཡིན།

གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་རང་བྱུང་གནོད་འཚེ་དེ་དག་ལས་མི་རྣམས་ལ་ཉེན་བརྡ་བཏང་བས་མིའི་རིགས་ཀྱིས་འཚོ་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ལ་དགའ་ཞེན་བྱེད་དགོས་པའི་ངོས་འཛིན་བྱུང་ཡོད། བྱས་ཙང་ང་ཚོས་མིག་ཆུ་བཟོད་ནས་མཉམ་དུ་ཉམས་ཞན་གྱི་སའི་གོ་ལ་དེར་སྲུང་སྐྱོབ་བྱས་ནས་སྟུག་པོའི་ནགས་ཚལ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། མུ་མཐའ་མེད་པའི་རྒྱ་མཚོ་བཅས་ཉམས་ཞན་དུ་འགྱུར་པའི་གནས་ཚུལ་བྱུང་དུ་འཇུག་མ་རུང་ངོ་། །

འཇིག་རྟེན་འདིར་གནས་པའི་མིའི་རིགས་ཡོངས་རྫོགས་ལ་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད་པས། ང་ཚོ་ཚང་མས་རང་ཉིད་ནས་འགོ་བཙུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་འཚོ་བའི་ནང་ནམ་ཡང་དོར་ཐབས་མེད་པའི་འོས་འགན་ཞིག་ལ་ངོས་འཛིན་བྱེད་དགོས།

ཚེ་རིང་ཐར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明