གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་ཞིང་ནང་དུ་དཔྱིད་འདེབས་ལ་བྲེལ་བའི་རྣམ་པས་ཁེངས། ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཡུལ་མིས་སོ་ནམ་དུས་ཚོད་དམ་འཛིན་གྱིས་རང་ཁྱིམ་གྱི་གྲོ་ཞིང་ལ་ཆུ་གཏོང་བ་དང་ལུད་རྒྱག་པ་སོགས་ཀྱི་སོ་ནམ་ལས་ལ་གཞོལ་བཞིན་འདུག འདི་ནི་ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཡུལ་མིས་ཞིང་ནང་དུ་ལུད་རྒྱག་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།