http://zw.xzqnb.cn/Content/weixinlogo.png
ཉིན་ཤས་གོང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་
http://zw.xzqnb.cn/m/content/2024-04/19/000594.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རང་ལྗོངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ།

“གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་འཆད་སྟེགས་ཆེན་པོའི”ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་པ།

དཔྱིད་ཀྱི་དུས་སུ་ཞིང་པ་རྣམས་སོ་ནམ་ལས་ལ་བྲེལ།

ཁམ་བུའི་མེ་ཏོག་མཛེས། སྒེག་མའི་བཞིན་མདངས་རྒྱས།

ཆབ་མདོ་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ཟླ་བ་སྤེལ་འགོ་ཚུགས་པ།

等待处理…

རང་ལྗོངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ།

2024年04月19日

ཉིན་ཤས་གོང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས)གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ནང་དོན་དང་དོན་སྙིང་ལ་གྲོས་བསྡུར་གཏིང་ཟབ་དང་། མིག་སྔར་རང་ལྗོངས་ལ་འཕྲད་པའི་བདེ་འཇགས་ཀྱི་འགྲན་སློང་ལ་དབྱེ་ཞིབ། དེ་མཚུངས་ཀྱི་ཁ་གཏད་གཅོག་ཐབས་དང་གྲོས་འགོ་འདོན་པ། ཁྱབ་ཁོངས་ལས་བརྒལ་བའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཇུས་འདོན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཐབས་འཚོལ་ཞིབ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་འགོ་ཁྲིད་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཆེད་ལས་ལས་དོན་མི་སྣ་14ཡིས་ཁྲིམས་འཛུགས་དང་། འདུ་ཤེས་འཛིན་སྟངས། སྤྱི་པའི་བདེ་འཇགས། ནུས་རྒྱུའི་བདེ་འཇགས། སྐྱེ་དངོས་བདེ་འཇགས་སོགས་ལྟ་ཕྱོགས་མི་འདྲ་བ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ངོས་འཛིན་དང་དེའི་མྱོང་ཚོར་སྤེལ་རེས་དང་གྲོས་བསྡུར་བྱས་པ་དང་། དུས་རབས་གསར་པར་བོད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་སྐུལ་འདེད་ཇི་ལྟར་གཏོང་བར་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་སུན་ཞང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་སོགས་ཚན་པ་24ཡི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་། ལས་དོན་མི་སྣ་100ལྷག་ཙམ་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།

པད་ཆོས་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博