http://zw.xzqnb.cn/Content/weixinlogo.png
ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་། ལྷ་ས་གྲོང་ཁྱེར
http://zw.xzqnb.cn/m/content/2024-04/12/000588.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་ལོ་ལེགས་ཡོང་བར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་དགོས།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ཞོར་གཏོགས་སྨན་ཁང་ཀ་པ་རིམ་པ་གཉིས་པར་བཏོད་པ།

འདྲེད་འཁོར་འགྲན་བསྡུར།

པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཐད་དཔྱིད་དུས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ།

等待处理…

ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཐད་དཔྱིད་དུས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ།

2024年04月12日

ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་དོན་པས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་དང་། ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་སུ་བསྐྱོད་དེ། དཔྱིད་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་མ་ཟད། 《ལྷ་ས་གྲོང་ཁྱེར་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་གྲལ་བཤེར་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞིར》གཞིགས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད།

ཞིབ་བཤེར་བས་ཞིབ་བཤེར་བྱེད་རིང་། སློབ་གྲྭ་ཕལ་མོ་ཆེའི་ཟ་ཁང་གི་ཐབ་ཚང་གི་འཕྲོད་བསྟེན་དང་བཟའ་བཅའི་བདེ་འཇགས་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ཅུང་ཡག་པོ་ཡོད་ནའང་། སློབ་གྲྭའི་ཟ་ཁང་རེ་འགའི་གཡོས་ཁང་གི་གནམ་པང་ནས་ས་ཟགས་པ་དང་། སྔོ་ཚལ་དང་ཤ་རིགས་འཁྲུད་སར་ཁག་བགོས་ནས་བཀྲུ་དགོས་པའི་ཡི་གེ་གསལ་པོ་བཀོད་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཞིང་། གནད་དོན་དེ་དག་ལ་ཞིབ་བཤེར་ཚོགས་ཆུང་གིས་རང་སར་དག་ཐེར་བསམ་འཆར་བཏོན་ནས་སློབ་གྲྭར་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་མུ་མཐུད་རྗེས་འདེད་བཏང་ནས་དག་ཐེར་དོན་འཁྱོལ་གནད་སྨིན་བྱུང་མིན་ལ་ལྟ་སྐུལ་ཡང་བྱས་པ་རེད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博