ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་ཁུལ་ཁག་ཏུ“སློབ་གྲྭའི་བརྙས་བཅོས་གཏན་འགོག་བྱས་ནས་དུས་རབས་གསར་པའི་ན་གཞོན་ཡག་པོ་བྱེད་པར་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། གྲོས་བསྡུར་དང་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་ཕྲུ་གུ་ཚོས་སློབ་གྲྭའི་བརྙས་བཅོས་ཀྱི་གནོད་འཚེ་སྔར་བས་ཤེས་རྟོགས་དང་། སློབ་གྲྭའི་བརྙས་བཅོས་ཕོག་སྐབས་བློ་ཁོག་ཆེན་པོས་ངོ་རྒོལ་བྱེད་དགོས་པ་མ་ཟད། རང་ཉིད་ལ་དེ་བས་ཀྱང་སྲུང་སྐྱོབ་བྱེད་དགོས་པ་ཤེས་སུ་བཅུག་ཡོད། འདི་ནི་སློབ་གྲྭ་དེའི་དགེ་སློབ་དང་ཁྱིམ་བདག་གིས་མཉམ་དུ་བཅའ་ཁྲིམས་ཁྱབ་གདལ་སློབ་གསོའི་བརྙན་ལམ་ལ་ལྟ་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།