http://zw.xzqnb.cn/Content/weixinlogo.png
ཉིང་ཁྲིའི་སྣང་རྫོང་གི་སྒོ་ར་ཆེན་པོ་ཞིག་གི་ནང་ཡུལ་མི་ཚོས་བང་ར
http://zw.xzqnb.cn/m/content/2024-04/05/000575.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

བོད་གསར་པའི་ནང་འཚར་ལོངས་བྱུང་བའི་མགོན་པོས་དུས་རབས་གསར་པའི་འཕོ་འགྱུར་གླེང་བ།

རི་ཀླུང་གྲངས་མེད་བརྒལ་ནས་སློབ་གསོའི་བོད་སྐྱོར་ལ་སླེབས་པ།

“ཞིང་པ་མི་རབས་གསར་པས”ཞིང་ལས་ཐོན་རྫས་དྲ་ཐོག་ཐད་ཚོང་བྱས་པ།

等待处理…

“ཞིང་པ་མི་རབས་གསར་པས”ཞིང་ལས་ཐོན་རྫས་དྲ་ཐོག་ཐད་ཚོང་བྱས་པ།

2024年04月05日

ཉིང་ཁྲིའི་སྣང་རྫོང་གི་སྒོ་ར་ཆེན་པོ་ཞིག་གི་ནང་ཡུལ་མི་ཚོས་བང་རིང་པོ་བསྒྲིགས་པ་དང་ལག་ཏུ་རང་ཁྱིམ་གྱིས་བཏབ་པའི་ཀུ་ཤུ་སོགས་འཁྱེར་བཞིན་ལས་དོན་མི་སྣས་གདམ་གསེས་དང་ཐུམ་སྒྲིལ་རྒྱག་རྒྱུར་སྒུག་ནས་བསྡད་ཡོད། དེ་ཉིན་ཕྱི་རོལ་གྱི་གནམ་གཤིས་གྲང་ཙམ་ཡོད་མོད། འོན་ཀྱང་སྒོ་ར་ཆེན་པོའི་ནང་གི་ཐད་གཏོང་རྟེན་གཞིའི་ཡུལ་མི་ཚོ་ལས་བྲེལ་ཆེན་པོ་ཡོད་ཅིང་། ཉིང་ཁྲིའི་སྣང་རྫོང་གི་ཀུ་ཤུ་སྒམ་མང་པོ་ཟོག་འཁོར་ལ་བླུགས་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་དབོར་མཁན་ཡིན་པ་རེད།

རྟེན་གཞིའི་ཐད་གཏོང་ཁང་དུ་སྐྱེ་སྟོབས་རབ་ཏུ་རྒྱས་ལ་ངོ་གདོང་ལས་འཛུམ་མདངས་འཕྱུར་བའི་ཨ་ཅག་གཅིག་གིས་བྱང་ཆུབ་པའི་ངང་ཐད་གཏོང་བྱེད་བཞིན་ཡོད་ཅིང་། ཁོང་ནི་ཐད་གཏོང་རྟེན་གཞིའི་འགན་འཁུར་བ་པད་མ་དབང་མོ་ཡིན་པ་དང་། ཀུན་གྱིས་རྒྱུས་མངའ་ཆེ་བའི“ཨ་ཅག་དབང་མོ”རེད།

རང་སྨྱན་སྦྱོར་གྱི་སྙན་སྒྲོན་པ་གཙོ་བོ“ཨ་ཅག་དབང་མོར”འདི་ལོ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཅིང་། ཁོང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཐད་གཏོང་མཁན་ལ་གྱུར་པ་མ་ཟད། ད་དུང་བོད་རང་སྐྱོང་ལྗོངས་ཀྱིས་བུད་མེད་བྱས་རྗེས་འཇོག་མཁན་དཔེ་དམག་ལ་བདམས་ཡོད། ཁོང་གིས་ལག་ཐོགས་ཁ་པར་བརྒྱུད་ཐོན་རྫས་ཐད་ཚོང་བྱས་པས། བོད་ཀྱི་ཞིང་ལས་ཐོན་རྫས་ལ་ཁྲོམ་ར་དེ་བས་རྒྱ་ཆེ་བ་བྱུང་ཡོད།

ཉེ་ལམ་ལོ་ཤས་རིང་། ཞིང་ལས་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཞིང་འབྲོག་ལས་ལའང་འཕེལ་རྒྱས་ཡག་པོ་བྱུང་སྟེ་འབྲུ་རིགས་ཐོན་འབབ་དེ་བས་མཐོ་རུ་ཕྱིན་ཡོད་ལ་ལས་སྣོན་བཟའ་བཅའི་རིགས་ཀྱང་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། བྲིན་ཚོང་ཐབས་ལམ་དེ་བས་རྒྱ་ཆེར་ཕྱིན་ནས། ཐད་གཏོང་དྲ་ཐོག་ཚོང་དོན་མཚོན་བྱེད་དུ་བྱས་པའི་གྲངས་འཛིན་དཔལ་འབྱོར་གྱིས་བོད་ཀྱི་ཐོན་ལས་རིམ་སྤོར་ལ་གོ་སྐབས་གསར་པ་སྦྱིན་ཡོད།

དྲ་ཐོག་ཚོང་དོན་ལས་ལ་ཞུགས་མ་ཐག་པའི་སྐབས་སུ་པད་མ་དབང་མོས་ཐད་གཏོང་ཤེས་བྱ་གང་ཡང་ཤེས་ཀྱི་མེད། ལོ་གཅིག་རིང་སློབ་སྦྱོང་དང་ལད་མོ་བྱས་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་བྱས་པ་བརྒྱུད་མཐར་ཡར་རྒྱས་ཆེན་པོ་བྱུང་ཡོད།

2021ལོར། པད་མ་དབང་མོས་སྟག་རྩེ་ཆུས་ཐང་དཀར་ཤང་ཆུ་མདའ་གྲོང་ཚོར་གནམ་གཤིས་ཚ་བ་ཆེ་བར་མ་བལྟོས་པར་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ཐད་གཏོང་བྱས་ནས་གནོད་མེད་ཀྱི་སྔོ་ཚལ་འོས་སྦྱོར་ངོ་སྤྲོད་བྱས་པར་དྲ་གྲོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཅིང་། པད་མ་དབང་མོས“མི་དེ་བས་མང་བ་ཐད་གཏོང་ཁང་བརྒྱུད་ནས་སྔོ་ཚལ་ཉོ་སྐབས་ངས་རང་ལ་འཚམ་པའི་ས་ཆ་ནི་གྲོང་གསེབ་ཡིན་པ་དངོས་འབྲེལ་ཚོར་བྱུང་། མཐར་ཐད་གཏོང་ཟོག་ཚོང་གི་ཁྲོམ་ར་གཏོད་ཐུབ་པ་བྱུང་ནས། དྲ་རྒྱའི་བྲིན་ཚོང་ཁྱབ་ཁོངས་སུ་བོད་ཀྱི་གནོད་མེད་ཀྱི་སྔོ་ཚལ་འཚོང་ཡུལ་ཡག་པོ་ཞིག་བྱུང་ཡོད”ཅེས་བརྗོད།

དུས་དེ་ནས་བཟུང་། པད་མ་དབང་མོས“ཞིང་གསུམ”ཕྱོགས་ལ་གཙོ་བོ་དམིགས་ནས་ཞིང་ལས་ཐོན་རྫས་ཀྱི་སྣ་ཁ་གདམ་གསེས་དང་། ཐུམ་སྒྲིལ། ཟོག་སྐུར། ཚོང་རྗེས་ཞབས་ཞུ་སོགས་ཀྱི་ལྷུ་ཚིགས་ཁག་ལ་ཧུར་ཐག་ཞུགས་པས། ཁྱབ་ཁོངས་འདིའི་ནང་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་རིམ་བཞིན་འཚོལ་ཞིབ་ཐུབ་ནས་བོད་ཀྱི་ས་གནས་ཁག་ཏུ་སྐྱོད་འགོ་ཚུགས།

སྔོ་ཚལ་དང་། ཤིང་འབྲས། གཡེར་མ། སྟར་ཀ བེ་ཤྭ་སོགས་ཞིང་ལས་ཐོན་རྫས་སྣ་ཚོགས་པད་མ་དབང་མོའི་ཐད་གཏོང་ཁང་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་བཙོངས་ཏེ་ཞིང་འབྲོག་པར་ལོ་རེར་ཡོང་འབབ་སྒོར་ཁྲི་གཅིག་གཉིས་ཙམ་འཕར་བས། ཚང་མའི་ཞིང་ལས་ཐོན་སྐྱེད་ཀྱི་སྒུལ་ཤུགས་འཕེལ་བ་མ་ཟད། བོད་ཀྱི་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ལ་ཡང་དེ་བས་རྒྱ་ཆེ་བའི་ཁྲོམ་ར་ཞིག་བྱུང་ཡོད་པ་རེད།

པ་ཚེས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博