http://zw.xzqnb.cn/Content/weixinlogo.png
ང་ནི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པ
http://zw.xzqnb.cn/m/content/2024-04/05/000571.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལྷ་སར་ཚོགས་པ།

སློབ་སྦྱོང་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་བྱེད་དགོས།

པར་རིས་གསར་འགྱུར།

等待处理…

སློབ་སྦྱོང་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་བྱེད་དགོས།

སློབ་མའི་འཐུས་མི། ཟླ་བ་ལྷ་མོ།

2024年04月05日

ང་ནི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པོའི་འཛིན་གྲྭ་བདུན་པའི་ཟླ་བ་ལྷ་མོ་ཡིན། 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་གླུ་གཞས་དེ་དང་མཉམ་དུ་ང་རང་འཚར་ལོངས་བྱུང་བ་ཞིག་ཡིན་ལ་དེ་རིང་ངས་གཏམ་བཤད་བྱེད་པའི་བརྗོད་དོན་གཙོ་བོ་ཡང་ཡིན།

“3•28”ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད། ལོ་65ཡི་གོང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། དུས་དེ་ནས་བཟུང་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་བསྐྱོད་ཡོད།

མཐོ་འབྲིང་སློབ་མ་ཞིག་ཡིན་པའི་ངས་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་བརྒྱུད་མྱོང་མེད་མོད། འོན་ཀྱང་སློབ་དེབ་དང་། གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན། རྒན་རབས་པའི་ངོག་རྒྱུན་བཅས་ལས་ངས་བོད་རྙིང་པར་ཞིང་བྲན་ཚོའི་འཚོ་བ་ནི་དབུལ་ཕོངས་དང་། མུན་ནག ཡིད་ཐང་ཆད་པ་བཅས་ཡིན་པ་ཤེས་བྱུང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཚེ་སྲོག་གསར་པ་བྱུང་བ་དང་། གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་ཐུགས་ཁུར་འོག་རང་རེའི་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

ངའི་དམའ་འབྲིང་གི་འཚོ་བ་དེ་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་བསྐྱལ་བ་ཡིན། ད་ཆ་ང་ཡང་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད། སློབ་གྲྭ་དེ་གཉིས་ནི་པེ་ཅིང་དང་ཅང་སུའུ་གཉིས་ཀྱིས་རོགས་སྐྲུན་བྱས་པ་ཞིག་རེད། ང་ཚོའི་སློབ་གྲྭ་གཙང་སྦྲ་དོད་ལ་དཔེ་མཛོད་ཁང་དང་། ཚོད་ལྟ་ཁང་། ལུས་རྩལ་ཁང་སོགས་ཚང་མ་གང་དགོས་ཡོད་པ་མ་ཟད། སློབ་ཁང་ནང་ཆ་འཕྲིན་ཅན་གྱི་སློབ་ཁྲིད་སྒྲིག་ཆས་སྣ་ཚོགས་ཀྱང་ཡོད། ད་དུང་ན་ནིང་སློབ་ཁང་ཚང་མར་དྲོད་རླངས་ཀྱང་ཁྲིད་སོང་། ང་ཚོའི་སློབ་གྲྭའི་འཚོ་བ་ཡང་ཕུན་སུམ་ཚོགས་པོ་ཡོད། སློབ་ཁང་དུ་སློབ་སྦྱོང་བྱེད་པ་ཕུད་ང་ཚོས་ད་དུང་ཤེས་བྱའི་འགྲན་བསྡུར་དང་། རིག་གནས་བྱེད་སྒོ ལུས་རྩལ་འགྲན་བསྡུར་བཅས་སྣ་ཚོགས་ནང་ཞུགས་ཀྱི་ཡོད། སློབ་གྲྭས་ད་དུང་ང་ཚོ་ལྗོངས་ཕྱིའི་སློབ་གྲྭར་སྤེལ་རེས་དང་ཞིབ་སློབ་བྱེད་པར་འཁྲིད་ཀྱི་ཡོད། དེ་དང་ཆབས་ཅིག་ང་ཚོས“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད་ཅིང་། སློབ་ཡོན་དང་། ཟས་སྡོད། དཔེ་དེབ་བཅས་ཚང་མར་རིན་པ་མི་དགོས་པ་དང་སློབ་གྲྭའི་ཟ་ཁང་གི་ཁ་ལག་སྣ་ཁ་ཕུན་སུམ་ཚོགས་ལ་འཚོ་བཅུད་ཀྱང་ལྡན་པ་ཞིག་ཡོད། དེ་དག་ཚང་མ་ནི་ཏང་གི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་བཅས་ནི་ང་ཚོས་ཏང་ལ་དྲིན་ལན་ཡག་ཤོས་འཇལ་བ་ཞིག་རེད།

དུས་རབས་གསར་པའི་ན་གཞོན་སློབ་མ་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ། རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། ཚན་རིག་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་ཧུར་ཐག་འགྱུར་བ་བྱེད་དགོས།

བདེ་དབང་དང་སྒྲོན་ལགས་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博