http://zw.xzqnb.cn/Content/weixinlogo.png
དཔྱིད་ཀྱི་དུས་འདིར་ཉི་འོད་དྲི་ཞིང་འཇམ། བཀྲ་ཤིས་བདེ་ལེགས”ཅེས་པ
http://zw.xzqnb.cn/m/content/2024-03/29/000561.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་དཔེ་སྟོན་ས་ཚིགས་12བཙུགས་པ།

ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2024ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

བོད་ཀྱི་དྲ་རྒྱའི་བརྙན་ཕབ་དུས་ཆེན་སྐབས་བཞི་པར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་ལ་བྱ་དགའ་ཆེན་པོ་བཞི་ཐོབ་པ།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

等待处理…

བོད་ཀྱི་དྲ་རྒྱའི་བརྙན་ཕབ་དུས་ཆེན་སྐབས་བཞི་པར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་ལ་བྱ་དགའ་ཆེན་པོ་བཞི་ཐོབ་པ།

2024年03月29日

དཔྱིད་ཀྱི་དུས་འདིར་ཉི་འོད་དྲི་ཞིང་འཇམ། བཀྲ་ཤིས་བདེ་ལེགས”ཅེས་པའི་བོད་ཀྱི་དྲ་རྒྱའི་བརྙན་ཕབ་དུས་ཆེན་སྐབས་བཞི་པར་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཐོན་རྫས《ས་མཐོའི་ཐོག་གི་སྒྲ་མེད་ཞབས་བྲོ་མཁན》དང་། 《རླུང་གི་ཕྲུ་གུ》《ཕུགས་འདུན་མདུན་ཕྱོགས་སུ་ཡོད》《གངས་ལྗོངས་ཀྱི་ལང་ཚོ》བཅས་བརྩམས་ཆོས་4ལ་བརྙན་ལམ་ཚན་པའི་བྱ་དགའ་རིམ་པ་གཉིས་པ་དང་། གློག་བརྙན་ཐུང་གྲས་ཚན་པའི་བྱ་དགའ་རིམ་པ་གཉིས་པ། བྱ་དགའ་རིམ་པ་གསུམ་པ། དྲ་རྒྱའི་གླུ་གཞས་ཚན་པའི་བྱ་དགའ་རིམ་པ་གཉིས་པ་བཅས་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “བཀྲ་ཤིས་བདེ་ལེགས”ཅེས་པའི་བོད་ཀྱི་དྲ་རྒྱའི་བརྙན་ཕབ་དུས་ཆེན་སྐབས་བཞི་པ་2023ལོའི་ཟླ་7ཚེས་12ཉིན་འགོ་ཚུགས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་རྩོམ་ཡིག་སྐུར་བའི་བརྩམས་ཆོས་ཁྲི་9ལྷག་ཙམ་འབྱོར་ཞིང་། དེའི་ནང་རྒྱལ་ནང་གི་རྩོམ་ཡིག་ཁྲི་7.7དང་ཕྱི་རྒྱལ་གྱི་རྩོམ་ཡིག་ཁྲི་1.3ལྷག་ཙམ་ཡོད་པ་རེད། སྐབས་འདིའི་བྱེད་སྒོའི་བརྩམས་ཆོས་བསྡུ་རུབ་ཀྱི་བླང་བྱ་དང་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་མཐར་བྱ་དགའ་ཐོབ་པའི་བརྩམས་ཆོས་45བདམས་པ་དང་ཚན་པ་6ལ་སྒྲིག་འཛུགས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

ཉེ་བའི་ལོ་ཤས་རིང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས “དོན་ཆེན་བཞིར”དམིགས་ནས“གསར་གཏོད་བཞི”ཧུར་ཐག་བྱས་ཏེ་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལས་ཀ་དེ་གོ་བབ་ཨང་དང་པོར་འཇོག་པ་དང་། གཞོན་ནུས་དང་ལེན་བྱེད་པའི་གོམས་གཤིས་དང་དྲ་ཐོག་ཁྱབ་སྤེལ་ཆོས་ཉིད་ལ་བརྩི་སྲུང་ཞུ་ཆེད་སྨྱན་སྦྱོར་གསར་པའི་རྣམ་པའི་ཐོག་ནས《ས་མཐོའི་ཐོག་གི་སྒྲ་མེད་ཞབས་བྲོ》དང་། 《རླུང་གི་ཕྲུ་གུ》《ཕུགས་འདུན་མདུན་ཕྱོགས་སུ་ཡོད》《གངས་ལྗོངས་ཀྱི་ལང་ཚོ》སོགས་གཞོན་ནུ་ལོ་ཆུང་གིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བརྩམས་ཆོས་འབོར་ཆེན་བཟོས་ནས་བཏོན་པ། གཞོན་ནུ་ལོ་ཆུང་འཚར་ལོངས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་གུང་གཞོན་སྡེ་ཚོགས་ཀྱི་ཞབས་ཞུའི་མཁོ་སྤྲོད་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱས་པས། ལྗོངས་ཕྱི་ནང་གི་གཞོན་ནུའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང“ཏང་དང་རྒྱལ་ཁབ་ཐུགས་བློ་བདེ་པོ་གནང་རོགས”ཞེས་པའི་ལང་ཚོའི་ཚ་རླབས་ཤིག་འཕྱུར་ཡོད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博