http://zw.xzqnb.cn/Content/weixinlogo.png
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་
http://zw.xzqnb.cn/m/content/2024-03/29/000559.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་དཔེ་སྟོན་ས་ཚིགས་12བཙུགས་པ།

ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2024ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

བོད་ཀྱི་དྲ་རྒྱའི་བརྙན་ཕབ་དུས་ཆེན་སྐབས་བཞི་པར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་ལ་བྱ་དགའ་ཆེན་པོ་བཞི་ཐོབ་པ།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

等待处理…

རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་དཔེ་སྟོན་ས་ཚིགས་12བཙུགས་པ།

2024年03月29日

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གྲོང་གསེབ་དར་རྒྱས་ཁྲོད་ཀྱི་བུད་མེད་ཀྱི་བྱ་སྤྱོད”གཞི་རྟེན་དུ་བྱས་ནས“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”འཛུགས་གཏོད་བྱེད་སྒོར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་བུད་མེད་མང་ཚོགས་ཚོ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་། གོམས་སྲོལ་བསྒྱུར་བ། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ལས་དོན་ནང་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་ཏེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་དཔེ་སྟོན་ས་ཚིགས་བཙུགས་པའི་བྱེད་སྒོ་སྤེལ་ཚུན། རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ས་ཚིགས་ནས་རྫོང་རིམ་པའི་དཔེ་སྟོན་ས་ཚིགས་བར་ཁྱོན་མ་དངུལ་སྒོར་ཁྲི་356.664བཏང་སྟེ། སྐྱེ་ཁམས་གནས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས་སྒོ་ར་མཛེས་པ་དང་། སྡོད་ཁང་མཛེས་པ། ཐབ་ཚང་དང་གསང་སྤྱོད་མཛེས་པ། ཡ་རབས་སྤྱོད་བཟང་། གྲོང་ཚོ་མཛེས་པ”བཅས་ཀྱི་ཐོག་ནས་བུད་མེད་མང་ཚོགས་ལ་ལྗང་མདོག་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་ཐོན་སྐྱེད་བྱེད་པ། ལྗང་མདོག་འཚོ་བ་སྐྱེལ་བ་བཅས་ཀྱི་ལྕག་སྐུལ་བྱས་པ་རེད།

མིག་སྔའི་བར། རང་སྐྱོང་ལྗོངས་རིམ་པའི“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་དཔེ་སྟོན་ས་ཚིགས་12བཙུགས་པ་དང་སྐར་གསོག་བརྗེ་སྒྱུར་གྱི་སྒོ་རྩིས་ཚོང་ཁང་15ལ་རོགས་སྐྱོར་བྱས་པར་རིམ་རྩིས་བྱས་ན་རོགས་དངུལ་སྒོར་ཁྲི་100བཏང་བ་དང་།

ས་ཁུལ་དང་གྲོང་ཁྱེར་རིམ་པའི་དཔེ་སྟོན་ས་ཚིགས་78བཙུགས་པ་དང་བུད་མེད་ཀྱི་ཁྱིམ་ཚང་མཛེས་པའི་སྐར་གསོག་བརྗེ་སྒྱུར་གྱི་སྒོ་རྩིས་ཚོང་ཁང་68དང་སྐར་གསོག་བརྗེ་སྒྱུར་གྱི་ཆེད་སྒྲོམ་2ལ་རོགས་སྐྱོར་བྱས་པར་རིམ་རྩིས་བྱས་ན་རོགས་དངུལ་སྒོར་ཁྲི་228བཏང་བ། རྫོང་རིམ་པའི་དཔེ་སྟོན་ས་ཚིགས་15བཙུགས་པ་དང་། བུད་མེད་ཀྱི་ཁྱིམ་ཚང་མཛེས་པའི་སྐར་གསོག་བརྗེ་སྒྱུར་གྱི་སྒོ་རྩིས་ཚོང་ཁང་13དང་སྐར་གསོག་བརྗེ་སྒྱུར་གྱི་ཆེད་སྒྲོམ་17ལ་རོགས་སྐྱོར་བྱས་པར་རིམ་རྩིས་བྱས་ན་རོགས་དངུལ་སྒོར་ཁྲི་28.664བཏང་བ་རེད།

གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་མཉམ་དུ“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་བུད་མེད་ཀྱི་སྤུས་རྟགས་མུ་མཐུད་བཏོད་དེ་ཉམས་མྱོང་ལ་ཕྱོགས་སྡོམ་དང་སྤེལ་རེས་བྱས་ནས་སྔོན་ཐོན་དཔེ་བཟང་འཛུགས་གཏོད་དང་བུད་མེད་ཀྱི་ཁྱིམ་ཚང་མཛེས་པའི་གཏམ་རྒྱུད་ཡག་པོ་བཤད་དེ་གྲོང་གསེབ་དར་རྒྱས་རམ་འདེགས་བྱ་རྒྱུ་རེད།

བདེ་སྐྱིད་དང་པད་ཆོས་ཀྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博