འདི་ནི་བོད་ཀྱི་བདམས་ཐོན་པ་བཀྲ་ཤིས་ཚེ་རིང་གིས་ཆུ་ཚོད་1དང་སྐར་མ་01དང་སྐར་ཆ་57གྱི་གྲུབ་འབྲས་ཐོག་ནས་རེན་ཧྲོའུ་ལམ་ཕྱེད་མར་སུན་རྒྱང་རྒྱུག་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་འབྲེལ། ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་རྒྱལ་ཁབ་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཟླ2པའི་ཚེས་25ཉིན་གཉེར་བའི་2024ལོའི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་སྐབས། བོད་ཀྱི་བདམས་ཐོན་པ་བཀྲ་ཤིས་ཚེ་རིང་གིས་ཆུ་ཚོད་1དང་སྐར་མ་01སྐར་ཆ་57གྱི་ཐོག་ནས་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཏེ་རྒྱལ་ཡོངས་ཀྱི་སྐྱེས་པའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་རེན་ཧྲོའུ་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་དེ་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་རྒྱང་རྒྱུག་ལེགས་སྐྱེས་འགྲན་བསྡུར་གྱི་ས་ཚིགས་དང་པོ་ཡིན་པ་དང་། འགྲན་བསྡུར་ནང་བོད་རང་སྐྱོང་ལྗོངས་ཀྱི་ལོ་21ལ་སླེབས་པའི་བདམས་ཐོན་པ་བཀྲ་ཤིས་ཚེ་རིང་གིས་རང་ནུས་གང་ཡོད་བཏོན་ཏེ་ཆུ་ཚོད་1དང་སྐར་མ་01དང་སྐར་ཆ་57གྱི་མི་སྒེར་གྱི་གྲུབ་འབྲས་བཟང་པོའི་ཐོག་ནས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་འབྲེལ། ཕེང་ཅན་ཧྭ་ཡིས་རྒྱུན་འཁྱོངས་བྱས་པའི་ཆུ་ཚོད་1དང་སྐར་མ་02དང་སྐར་ཆ་30ལས་རྣམ་པར་རྒྱལ་ཏེ་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་ཡོད།
མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།