西藏青年报藏文版ཕྱོགས་བསྡུས། ཞིང་ལས་ཐོན་རྫས་གྲོང་ཁྱེར་ནང་དུ་གཏོང་བ་དང་འཛད་སྤྱོད་དངོས་ ཟོག་གཤམ་ལ་གཏོང་བ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དཔལ་འབྱོར་ཡོངས་བཤེར་བྱས་པ། བཀྲ་ཤིས་ཚེ་རིང་གིས་རྒྱལ་ཡོངས་ཀྱི་སྐྱེས་པའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་པ།

放大 缩小 默认

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱིས།

གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དཔལ་འབྱོར་ཡོངས་བཤེར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱིས་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། ཆེད་དོན་དཔལ་འབྱོར་ཡོངས་བཤེར་ཚོགས་ཆུང་བཙུགས་ཏེ་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་4ལ་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ལས་དོན་ཐེངས་ལྔ་པ་སྤེལ་བ་རེད།

ཡོངས་བཤེར་བྱེད་རིང་། ལས་དོན་པས་མི་སྣ་འདུས་སྡོད་ཁུལ་དུ་དཔལ་འབྱོར་ཡོངས་བཤེར་གྱི་དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་འགེལ་བ་དང་དྲིལ་བསྒྲགས་རི་མོ་སྦྱར་བ་སོགས་ཀྱི་བྱེད་ཐབས་བརྒྱུད། དཔལ་འབྱོར་ཡོངས་བཤེར་གྱི་དོན་སྙིང་གལ་ཆེན་དང་འབྲེལ་ཡོད་བླང་བྱ་རྒྱ་ཁྱབ་དང་གཏིང་ཟབ་ངང་དྲིལ་བསྒྲགས་བྱས་ནས། མང་ཚོགས་ཀྱིས་ཡོངས་བཤེར་ལས་དོན་ལ་ཤེས་རྟོགས་ཐུབ་ཚད་ཆེ་རུ་ཏན་ཏིག་བཏང་བ་དང་། མང་ཚོགས་ཀྱི་དོགས་འཆར་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བསལ་ཏེ་ཡོངས་བཤེར་ལས་དོན་བདེ་བླག་ངང་སྤེལ་བར་སྤྱི་ཚོགས་ཀྱི་རྣམ་པ་དང་ལས་ཀའི་ཁོར་ཡུག་བཟང་པོ་བཏོད་ཡོད། དེ་དང་ཆབས་ཅིག་ལས་དོན་པས་གློག་རྡུལ་མཐའ་སྣེ་ཁྱེར་ནས་དུད་ཚང་དུ་བསྐྱོད་དེ་འབྲེལ་ཡོད་ཁེ་ལས་དང་ཐོན་ལས་ཚན་པའི་ལག་ཁྱེར་ལྟ་ཞིབ་དང་གཉེར་སྐྱོང་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ། འབྲེལ་ཡོད་འགན་འཁུར་བས་མིང་རྟགས་བཀོད་ནས་གཏན་འཁེལ་བྱེད་པར་མཛུབ་ཁྲིད་ཀྱང་བྱས་ཡོད། དཔལ་འབྱོར་ཡོངས་བཤེར་གྱི་དམིགས་ཡུལ་དང་དོན་སྙིང་སྔར་བས་དྲིལ་བསྒྲགས་བྱས་ཏེ་ཡོངས་བཤེར་བྱ་ཡུལ་གྱི་གཞོགས་འདེགས་དང་རྒྱབ་སྐྱོར་ཧུར་ཐག་ཐོབ་པར་བྱས་ནས་ཐོ་འགོད་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད།

ལས་དོན་པ་ཟླ་སྒྲོན་གྱིས། གོམ་སྟབས་རྗེས་མར་དུད་ཚང་དུ་བསྐྱོད་དེ་ཐོ་འགོད་ཀྱི་ལས་དོན་ལ་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། གྲངས་གཞིའི་སྤུས་ཚད་ཀྱི་འགག་སྒོ་ནན་པོར་སྲུང་བ་དང་། དུས་ཚིགས་ལ་དམ་པོར་དམིགས་པ། ཁྲིམས་ལྟར་ཐོ་འགོད་བཅས་བྱས་ནས་ད་ཐེངས་ཀྱི་ཡོངས་བཤེར་ཐོ་འགོད་ལས་དོན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

བདེ་སྐྱིད་དང་པད་ཆོས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明