西藏青年报藏文版ཕྱོགས་བསྡུས། ཞིང་ལས་ཐོན་རྫས་གྲོང་ཁྱེར་ནང་དུ་གཏོང་བ་དང་འཛད་སྤྱོད་དངོས་ ཟོག་གཤམ་ལ་གཏོང་བ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དཔལ་འབྱོར་ཡོངས་བཤེར་བྱས་པ། བཀྲ་ཤིས་ཚེ་རིང་གིས་རྒྱལ་ཡོངས་ཀྱི་སྐྱེས་པའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་པ།

放大 缩小 默认

ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས་སྟབས་བདེ་ཞིང་ནུས་པ་ཆེ་ལ་རིན་གོང་ཆུང་བའི་ཕྱོགས་གཉིས་ཟོག་འགྲེམས་བྱེད་སྟངས་ཧུར་ཐག་བཏོད་པ།

ཞིང་ལས་ཐོན་རྫས་གྲོང་ཁྱེར་ནང་དུ་གཏོང་བ་དང་འཛད་སྤྱོད་དངོས་ ཟོག་གཤམ་ལ་གཏོང་བ།

ད་ཆ་འཚོ་བ་སྐྱེལ་སྟངས་མགྱོགས་སུ་ཕྱིན་ཏེ་དྲ་ཐོག་ནས་ཅ་དངོས་ཉོ་བ་དང་ཐད་ཀར་འཚོང་བར་འཛད་སྤྱོད་པ་མང་པོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅིང་། ཅ་དངོས་ཉོ་བ་དང་བྲིན་འཚོང་བྱེད་སྟངས་དེ་རིགས་ཀྱང་ཞིང་ལས་ཐོན་རྫས་གྲོང་ཁྱེར་ནང་དུ་གཏོང་བ་དང་འཛད་སྤྱོད་དངོས་ཟོག་གཤམ་ལ་གཏོང་བར་སྤྱད་དང་སྤྱོད་མུས་སུ་མཆིས། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས“རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྲོང་གསེབ་ལ་གཉེར་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ཏེ་དངོས་ཟོག་གཏོང་འདྲེན་གྱི་ཕྱོགས་གཉིས་ཤར་བགྲོད་ལམ་རགས་ཙམ་བསྐྲུན་པ་དེས་སྟབས་བདེ་ཞིང་ནུས་པ་ཆེ་ལ་རིན་གོང་ཆུང་བའི་ཕྱོགས་གཉིས་ཟོག་འགྲེམས་བྱེད་སྟངས་ཤིག་སྤྱིར་ན་ཆགས་ཡོད་པ་རེད།

སྣ་དཀར་རྩེ་རྫོང་གི་རྫོང་དཔོན་ལུའོ་ཡུན་གྱིས། ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་རྒྱུན་ཆད་མེད་པར་མགྱོགས་མྱུར་བསྐྲུན་ནས་ས་གནས་ཀྱི་གློག་རྡུལ་ཚོང་དོན་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱས་ཡོད། 2021ལོར་སྣ་དཀར་རྩེ་རྫོང་གི་ཁྲེང་ཏེ་དངོས་ཟོག་སྐྱེལ་འདྲེན་པུའུ་དང་གློག་རྡུལ་ཚོང་དོན་རྣམ་གྲངས་དབར་མཉམ་ལས་བྱས་ཏེ་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ལ་ཞུགས་པ་དང་། སྣ་དཀར་རྩེ་རྫོང་གློག་རྡུལ་ཚོང་དོན་ཟོག་འགྲེམས་དྲ་བ་མཉམ་དུ་བཙུགས་ནས་ལས་གཉེར་བྱེད་འགོ་ཚུགས་པ་རེད། 2023ལོར་ཟླ་རེར་ཆ་སྙོམས་དངོས་ཟོག་གཏོང་ལེན་བྱེད་ཚད་9000ལྷག་ཙམ་དང་ལོར་སྐྱེལ་ལེན་བྱེད་ཚད་ཁྲི་11ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་30%འཕར་ཡོད། གཞན་ཡང་། སྣ་དཀར་རྩེ་རྫོང་གིས་ཟོག་འགྲེམས་མྱུར་སྐྱེལ་ཁེ་ལས་བསྡུ་སྒྲིལ་གྱིས་ཡོན་ཐུང་དང་། ཧྲུན་ཐུང་། ཨན་ཏ་སོགས་ཟོག་འགྲེམས་ཁེ་ལས་8བཙུགས་པས། ས་གནས་ཀྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་འགྲོ་བར་སྒུལ་ནུས་ཆེན་པོ་བསྣན་ཡོད་ཅེས་ངོ་སྤྲོད་བྱས།

ཞིང་ལས་ཐོན་རྫས་གྲོང་ཁྱེར་ལ་གཏོང་བ་དང་། འཛད་སྤྱོད་དངོས་ཟོག་གཤམ་ལ་གཏོང་བའི་ཕྱོགས་གཉིས་ཟོག་འགྲེམས་བྱེད་སྟངས་མངོན་འགྱུར་བྱས་ཏེ་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་ཆེད། སྣ་དཀར་རྩེ་རྫོང་གིས་ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་ཟོག་འགྲེམས་ཐབས་ལམ་གཙོ་བོ་ཤར་གཏོང་བྱས་ཤིང་། མིག་སྔར་ལྷོ་ཁ་གྲོང་ཁྱེར་ནས་སྣ་དཀར་རྩེ་རྫོང་བར་ཟོག་འགྲེམས་དུས་ཡུན་ཉིན་གཉིས་རེར་ཐེངས་རེ་དང་། ལྷ་ས་གྲོང་ཁྱེར་ནས་སྣ་དཀར་རྩེ་རྫོང་བར་ཟོག་འགྲེམས་དུས་ཡུན་ཉིན་རེར་ཐེངས་རེ་བར་མང་དུ་བཏང་ཡོད་ལ། སྡེབ་སྐྱེལ་བྱེད་སྟངས་ཐད། སྣ་དཀར་རྩེ་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་མེད་སྐྱེལ་འདྲེན་ནུས་ཤུགས་བསྡུ་སྒྲིལ་གྱིས་ལམ་ཞོར་ནས་སྐུར་སྐྱེལ་བྱེད་སྟངས་ལ་བརྟེན་ནས་ལམ་རྒྱུད་ཀྱི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་ཞབས་ཞུའི་ས་ཚིགས་སུ་དངོས་ཟོག་སྐྱེལ་གྱི་ཡོད། ཐབས་ལམ་དེ་ད་ཆ་ཤང་དང་གྲོང་ཁྱེར་6ལ་ཁྱབ་ཡོད།

གློག་རྡུལ་ཚོང་དོན་ཁྱབ་གདལ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་བསྟུན་སྣ་དཀར་རྩེ་རྫོང་གིས་ལོ་གཉིས་འབད་བརྩོན་བྱས་པ་བརྒྱུད་མྱུར་སྐྱེལ་ལས་སྒོ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དངོས་ཟོག་སྐུར་སྟབས་བདེ་རུ་ཕྱིན་པར་བརྟེན་ས་གནས་ཀྱི་ཡུལ་ཟོག་ཕྱིར་འཚོང་བྱེད་ཚད་མང་དུ་སོང་ལ་ཞིང་འབྲོག་པའི་དངུལ་ཁུག་ནང་གི་དངུལ་ཡང་འབེལ་དུ་ཕྱིན་ཞིང་། “འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ས་ཁོངས་ཧྲིལ་པོར་གློག་རྡུལ་ཚོང་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་གནམ་ཐང་ཁུལ་གསར་གྱི་གྲང་ཕྲེང་ཟོག་འགྲེམས་རྟེན་གཞི་བཙུགས་པ་དང་བོད་ཀྱི་མཁོ་འཚོང་ཚོགས་པའི་ཐབས་ལམ་གཙོ་བོ་བེད་ཡག་པོ་སྤྱད་དེ‘འགྲིམ་འགྲུལ་དང་སྦྲག་ལས་མཉམ་འདྲེས’དང‘སྦྲག་ལས་དང་མྱུལ་སྐྱེལ་མཉམ་ལས’ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་གི་སྡེབ་སྐྱེལ་མ་ལག་ཅིག་གཏོད་དགོས”ཞེས་ལུའོ་ཡུན་གྱིས་བརྗོད་ཅིང་། ཁོང་གིས་ད་ཆ་ཚང་མས་ལྷད་མེད་ཟས་རིགས་ལ་དོན་གཉེར་བྱེད་ཤུགས་ཆེ་རུ་འགྲོ་ལ། ཞིང་ལས་ཐོན་རྫས་ཀྱང“ཡུལ་ཟོག”གི་མཚོན་རྟགས་ལས་བསྒྲལ་ཏེ་མི་ཚང་མས་དགའ་པོ་བྱ་ཡུལ་དུ་གྱུར་བཞིན་ཡོད། ཐོན་རྫས་འཁོར་རྒྱུག་དང་ཟོག་འགྲེམས་ཐབས་ལམ་ལེགས་སུ་ཕྱིན་པ་དེས་ཞིང་ལས་ཐོན་རྫས་གྲོང་གསེབ་ནས་ཕྱིར་འཚོང་བ་ནི་ལྡོག་ཏུ་མེད་པ་ཞིག་རེད་ཅེས་བརྗོད།

སྣ་དཀར་རྩེ་རྫོང་གི་གློག་རྡུལ་ཚོང་དོན་ཟོག་འགྲེམས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་བོད་ཀྱི་གྲོང་གསེབ་ཏུ་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཕྱིན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཞིང་། ལུའོ་ཡུན་གྱིས་བརྗོད་པ་བཞིན་འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཟོག་འགྲེམས་དང་སྡེབ་སྐྱེལ་བྱེད་ཚད་མགྱོགས་སུ་བཏང་ནས་ཞིང་ལས་ཐོན་རྫས་གྲོང་ཁྱེར་ལ་གཏོང་བ་དང་འཛད་སྤྱོད་དངོས་ཟོག་གཤམ་ལ་གཏོང་བར་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱེད་འབོར་སྒོར་དུང་ཕྱུར་ཆིང་སྟོང་ལས་བརྒལ་བར་བྱེད་པ་སོགས་ཀྱི་དམིགས་ཚད་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། དེ་ནི་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཟོག་འགྲེམས་འཕེལ་རྒྱས་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། འདི་ལོར་རང་ལྗོངས་ཀྱིས་ཕན་འབྲས་ལྡན་པའི་མ་འཇོག་དང་མི་མངོན་པའི་འཛད་སྤྱོད་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་སྔོན་ཚོད་སྔར་བས་བརྟན་པོ་དང་། ཡིད་ཆེས་དེ་བས་ཆེ་བ། གསོན་ཤུགས་སྔར་བས་འཕེལ་བ་བཅས་ཡོང་བར་བྱ་རྒྱུ་རེད།

པ་སངས་ཚེ་རིང་གིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明