ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་ཏང་ཀྲི་པུས་ཏང་ཡོན་དང་ལས་བྱེད་ཉེན་རྟོག་པ་20ལྷག་ཙམ་སྒྲིག་འཛུགས་བྱས་ནས། གདོང་དཀར་ནུབ་ལམ་གྱི་ལམ་མདོ་ནས་སྣེའུ་ཤར་ལམ་ཆེན་གྱི་ཟམ་མགོ་ལྷོ་མའི་བར་ཁོར་ཡུག་གཙང་སྦྲ་ཆེ་མོའི་བྱེད་སྒོ་སྤེལ་བ་རེད། ཆུ་ཚོད་གཅིག་ལྷག་ཙམ་རིང་གཙང་སྦྲ་ནན་ཏན་བྱས་པ་བརྒྱུད་སྤྱི་ཡོངས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས། ལྷ་ས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེ་མོའི་ལས་དོན་དང་དེ་བཞིན་ཤེས་དཔལ་ཚན་པ་འཛུགས་གཏོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།