http://zw.xzqnb.cn/Content/weixinlogo.png
འདི་ནི་ཟླ་2ཚེས་24ཉིན་ལྷ་སའི་གྲོང་མི་དང་ཡུལ་སྐོར་བས་རྫོང་རྒྱབ་ཀ
http://zw.xzqnb.cn/m/content/2024-03/01/000515.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་གཙོ་བོར་སློབ་གསོ་བཏང་བ།

གཙང་སྦྲ་འཕྲོད་བསྟེན་བྱས། ཁོར་ཡུག་ལེགས་སུ་བཏང་།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

等待处理…

བོད་ལྗོངས་ལྷ་སས།

བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

2024年03月01日

འདི་ནི་ཟླ་2ཚེས་24ཉིན་ལྷ་སའི་གྲོང་མི་དང་ཡུལ་སྐོར་བས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལུགས་རྙིང་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ལྒང་བཞུའི་གབ་ཚིག་བྱེད་སྒོར་ཞུགས་བཞིན་པ།

ཟླ་2ཚེས་24ཉིན་ནི་ལུགས་རྙིང་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་པ་དང་། དེ་ཉིན་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་། ལྷ་མོ་ཚོགས་པ། གཏམ་བརྗོད་ཟློས་གར་ཚོགས་པ། རང་སྐྱོང་ལྗོངས་དཔེ་མཛོད་ཁང་། མང་ཚོགས་སྒྱུ་རྩལ་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི“དགའ་སྤྲོའི་དཔལ་ལ་རོལ་བའི་ལོ་གསར——དུས་རབས་གསར་པར་བསྟོད་གླུ་འབུལ། ཀྲུང་གོའི་ལོ་མཉམ་སྤྱོད་བྱེད་པའི”བརྗོད་དོན་གཙོ་བོའི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་བཀོད་སྒྲིག་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་དང་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ལས་གྲུབ་པའི་གབ་ཚིག་2100ལྷག་ཙམ་གྱིས་སྤྱི་གླིང་དུ་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་ཡིད་དབང་བཀུག་པ་དང་། ལྒང་བཞུའི་གབ་ཚིག་ནང་སྲོལ་རྒྱུན་གྱི་དམངས་སྲོལ་དང་། གཏམ་དཔེ་གཏམ་རྒྱུད། ལོ་རྒྱུས་ཀྱི་མི་སྣ་སོགས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཚུད་ཡོད། ཆེད་ལས་ཀྱི་ཚོགས་པ་དང་མང་ཚོགས་ཀྱི་རིག་རྩལ་ཚོགས་པ་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་རྐྱང་གཞས《དཔྱིད་ཀྱི་ཕོ་ཉ》དང་། ཞབས་བྲོ《དུས་རབས་གསར་པར་མདུན་སྐྱོད》 དགོད་བྲོའི་འཁྲབ་ཚན་ཐུང་གྲས《ཀུ་རེ་ཁ་མཚར》དང་སྲོལ་རྒྱུན་གྱི་ལྷ་མོ་སོགས་ཀྱི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་དང་། དུས་རབས་གསར་པའི་བོད་ལྗོངས་གསར་པར་བསྟོད་གླུ་ཕུལ་ནས་དུས་ཆེན་ལ་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་ཞིག་བཏོད་པར་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད།

བྱེད་སྒོས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”གོ་སྐབས་སུ་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་བོད་ཀྱི་ཕུན་སུམ་ཚོཌ་པའི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ། ས་མཐོར་དམིགས་བསལ་དུ་ཡོད་པའི་ལོ་གསར་གྱི་རིག་གནས་ཉམས་ལེན་བྱེད་དུ་བཅུག་པ་མ་ཟད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།

མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博