http://zw.xzqnb.cn/Content/weixinlogo.png
ང་ཡི་དགའ་བའི་རྒན་ལགས་ནི་ང་ཚོའི་འཛིན་གྲྭའི་བོད་ཡིག་རྒན་ལགས་ཡི
http://zw.xzqnb.cn/m/content/2024-02/23/000512.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ངའི་ཁྱིམ་གྱི་གྲོགས་བཟང་།

༄༅། །ངའི་སྙིང་དབུས་ཀྱི་སྒྲོན་མེ།

༄༅། །སྐྱེད་མ།

༄༅། །ང་ཡི་ཕ་ཡུལ།

༄༅། །ང་ཡི་དགའ་བའི་དགེ་རྒན།

等待处理…

༄༅། །ང་ཡི་དགའ་བའི་དགེ་རྒན།

作者 བསྟན་འཛིན་ཆོས་བཟང་།
2024年02月23日

ང་ཡི་དགའ་བའི་རྒན་ལགས་ནི་ང་ཚོའི་འཛིན་གྲྭའི་བོད་ཡིག་རྒན་ལགས་ཡིན། ཁོང་སྐུ་ཤ་རྒྱགས་ཙམ་ཡོད་པ་དང་གཤིས་ཀ་ནི་བྱམས་ཤིང་བརྩེ་བའི་ཕ་མ་བཞིན་ཡོད།

ཤེས་བྱ་སྣ་ཚོགས་ཀྱིས་ཕྱུག་པའི་བོད་ཡིག་རྒན་ལགས། ནམ་ཞིག་ང་ལ་སློབ་སྦྱོང་གི་འབྲས་བུ་བཟང་པོ་ཞིག་སྨིན་ན། དེ་ནི་ཁྱེད་ཀྱི་གནང་བའི་ལྷག་བསམ་དཀར་བའི་དྲིན་ཚོར་ཞིག་ལས་བྱུང་བ་མ་ཡིན་ནམ། ག་དུས་ཡིན་ཡང་རྒྱུན་ཆད་མེད་པར་རྒྱུགས་པའི་ཆུ་བོ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་རིང་པོ་དེ་ནི་ཁྱེད་ཀྱི་སློབ་བུ་སྐྱོང་བའི་ངང་ཚུལ་དེ་ཡིན།

ང་ཚོ་སློབ་ཆུང་གི་རྒྱལ་སྒོ་འགྲིམས་པའི་ཉིན་དང་པོ་དེ་ནས་ཁྱེད་དང་ཞལ་མཇལ་བ་མ་ཟད་ད་བར་ང་ཚོའི་བོད་སྐད་ཡིག་གི་སློབ་ཁྲིད་དགེ་རྒན་གནང་། ཁྱེད་ནི་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཞིབ་ཚགས་ངང་གཟབ་ནན་གྱི་སྒྲུབ་ཀྱི་ཡོད། ང་ཚོའི་འཛིན་གྲྭའི་སློབ་མ་མང་ཆེ་བ་ནི་ཞག་སྡོད་སློབ་མ་ཡིན་པས་ཁྱེད་ནས་སྔ་དགོང་ང་ཚོ་སློབ་མ་རྣམས་ལ་ཕ་མ་ལྟ་བུའི་སེམས་ཁུར་དང་གཅེས་སྐྱོང་གནང་བཞིན་ཡོད། ཉིན་གཅིག་གི་ལས་དོན་བྲེལ་འཚུབ་ཆེ་རུང་སློབ་ཁང་དུ་ཕེབས་རིམ་བཞིན་ང་ཚོའི་འཛིན་གྲྭའི་སློབ་མའི་སློབ་སྦྱོང་དང་སྒྲིག་འཛུགས་གཙང་སྦྲ་སོགས་ལ་ཞིབ་ཏུ་བལྟ་བར་མཛད་ནས་བཀའ་སློབ་གནང་།

རྒན་ལགས་ཁྱེད་ཀྱི་སེམས་པ་ནི་ང་ཚོའི་ཕ་ཡུལ་གྱི་རི་ཆུའི་རྣམ་པ་ལྟར་མཛེས་སྡུག་ལྡན་པར་ཡོད་པས་ཁྱེད་ནི་ངའི་སེམས་ནང་ནམ་ཡང་བརྗེད་པར་དཀའ་བའི་རྒན་ལགས་ཡིན། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博