http://zw.xzqnb.cn/Content/weixinlogo.png
འདི་ནི་ཁྲིམས་ལུགས་དྲིལ་བསྒྲགས་བྱ་ཡུལ་ཡིན་པ། ཉེ་ཆར། གཞིས་རྩེ་ག
http://zw.xzqnb.cn/m/content/2023-12/28/000427.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

ཀྲུང་ཧྭའི་ཤེས་དཔལ་ནི་མི་རིགས་ཁག་གི་རིག་གནས་ཀྱི་འབྱུང་རྩ་ཡིན།

རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་། ཁྲིམས་སྐྱོང་གི་སྤྱི་ཚོགས་འཛུགས་སྐྱོང་བྱེད།

བདེ་འཇགས་ཐོན་སྐྱེད་ཀྱི“སྣ་འདུས་ཐབས་བཟང”དོན་འཁྱོལ་ཡག་པོ་བྱས་པ།

དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས།

等待处理…

རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་། ཁྲིམས་སྐྱོང་གི་སྤྱི་ཚོགས་འཛུགས་སྐྱོང་བྱེད།

2023年12月28日

འདི་ནི་ཁྲིམས་ལུགས་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་སྣེ་ཁྲིད་ནས་ཁྲིམས་ལུགས་ཁྱབ་གདལ་ཁོངས་གཏོགས་ཚན་པ་26དང་པེ་ཅིང་གྲོང་ཁྱེར་དབྱིན་ཁོ(རྒྱལ་རྩེ)ཁྲིམས་རྩོད་པའི་ལས་དོན་ཁང་སྒྲིག་འཛུགས་བྱས་ཏེ། རྫོང་རིའི་ཐང་ཆེན་དུ“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་། ཁྲིམས་སྐྱོང་གི་སྤྱི་ཚོགས་འཛུགས་སྐྱོང་བྱེད”པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པས་དྲིལ་བསྒྲགས་འགྲེམས་བྱང་བཟོས་པ་དང་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་ནས་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ངང་ཁྲིམས་སྐྱོང་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ་རེད། ད་རེས་ཀྱི་བྱེད་སྒོའི་ཁྲོད་འཕྲེད་འགེལ་སྦྱར་ཡིག་26བཀལ་བ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་ལག་རྟགས་ཆུང་ཆུང་800ལྷག་ཙམ་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་5700ལྷག་ཙམ་སྤྲད་ཅིང་། མི་ཐེངས་260ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་ལན་བཏབ་པ་རེད།

གནམ་ཕྱུག་རྒྱལ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博