西藏青年报藏文版ཕྱོགས་བསྡུས། ཀྲུང་ཧྭའི་ཤེས་དཔལ་ནི་མི་རིགས་ཁག་གི་རིག་གནས་ཀྱི་འབྱུང་རྩ་ཡིན། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་། ཁྲིམས་སྐྱོང་གི་སྤྱི་ཚོགས་འཛུགས་སྐྱོང་བྱེད། བདེ་འཇགས་ཐོན་སྐྱེད་ཀྱི“སྣ་འདུས་ཐབས་བཟང”དོན་འཁྱོལ་ཡག་པོ་བྱས་པ། དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས།

放大 缩小 默认

ཀྲུང་ཧྭའི་ཤེས་དཔལ་ནི་མི་རིགས་ཁག་གི་རིག་གནས་ཀྱི་འབྱུང་རྩ་ཡིན།

ཀྲུང་ཧྭའི་ཤེས་དཔལ་ལ་ལོ་ངོ་5000ལྷག་ཙམ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་དེ་ནི་འཛམ་གླིང་ཐོག་རྒྱུན་མ་ཆད་པ་དང་། ཐོག་མཐའ་བར་གསུམ་དུ་གཅིག་རྒྱུན་གཅིག་འཛིན་ཐུབ་པ། ད་བར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་བཅས་ཀྱི་ཤེས་དཔལ་རླབས་པོ་ཆེ་གཅིག་པུ་དེ་རེད། རང་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་རིག་གནས་དང་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་ཐུན་མོང་ཐོག་བཏོད་ཡོད།

ཀྲུང་ཧྭའི་ཤེས་དཔལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་རིག་གནས་ཀྱི་འབྱུང་རྩ་ཡིན། ཀྲུང་ཧྭའི་ཤེས་དཔལ་ལ་འགྲན་ཟླ་བྲལ་བའི་བསྟུན་མཁས་རང་བཞིན་ལྡན་ཞིང་ཀྲུང་ཧྭའི་ཤེས་དཔལ་ལ་ངོས་འཛིན་གཅིག་མཐུན་དང་སྲུང་སྐྱོང་བྱས་པ་དེས་ཀྲུང་ཧྭ་མི་རིགས་ཁྲོད་ཀྱི་མི་རིགས་ཁག་གིས་གདོང་ཐུག་བསལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ས་ཁོངས་དང་། ཁྲག་རྒྱུད། ཆོས་དད་སོགས་ལས་བརྒལ་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་གཏན་འཁེལ་བྱས་ཏེ། ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་རབས་ནས་མི་རབས་བར་ཉམས་པ་མེད་པའི་ཀྲུང་ཧྭའི་ཤེས་དཔལ་གྲུབ་ཡོད།

ལོ་རྒྱུས་ཐོག་ཀྲུང་ཧྭའི་ཤེས་དཔལ་གྱིས་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་འབྲེལ་དེར་འཚོ་བཅུད་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད། མི་རིགས་ཁག་གི་རིག་གནས་ཀྲུང་ཧྭའི་ཤེས་དཔལ་ཁྲོད་རྩ་བ་བརྟན་པོ་ཚུགས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་འཚོ་བཅུད་བསྡུ་ལེན་བྱེད་བཞིན་ཡོད། ཧན་རྒྱལ་རབས་ཀྱི་ཀྲང་ཆན་གྱིས་དར་གོས་ལམ་བུ་བཏོད་དེ་ཀྲུང་ཧྭའི་ཤེས་དཔལ་གྱི་འོད་སྟོང་ནུབ་རྒྱུད་ས་གཞི་ཆེ་མོར་འཕྲོ་བར་བྱས་ཏེ་ནུབ་རྒྱུད་ཀྱི་མི་རིགས་ཁག་གི་རིག་གནས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། ཝེ་བྱང་མའི་རྒྱལ་རབས་ཞའོ་ཝུན་ཏི་ཡི་རྒྱ་འགྱུར་སྒྱུར་བཅོས་ལས་རང་རེའི་རིག་གནས་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་རླབས་རྒྱུན་ཁྲོད་རང་འགུལ་ཞུགས་ཡོད། ལོ་1800ལྷག་ཙམ་གྱི་གོང་ཇ་ལོ་ནང་ས་ནས་བོད་དུ་དར་ཞིང་། ལེ་དབར་སྟོང་གི་སར་ཆོད་པའི་ཇ་རྟའི་གནའ་ལམ་གྱིས་ཀྲུང་ཧྭའི་ཤེས་དཔལ་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྒྱུན་གཏན་འཚོ་བར་ཐེབས་པའི་ཤུགས་རྐྱེན་གྱི་དཔང་པོ་བྱས་ཡོད། མི་རིགས་ཁག་གི་རིག་གནས་ལ་སོ་སོར་ཁྱད་ཆོས་རེ་ཡོད་མོད། འོན་ཀྱང་ཀྲུང་ཧྭའི་ཤེས་དཔལ་གྱི་སྣེ་ཁྲིད་འོག་མཉམ་འདྲེས་འཕེལ་རྒྱས་བྱུང་ནས་ཀྲུང་ཧྭའི་ཤེས་དཔལ་ལ་ཕུན་སུམ་ཚོགས་པའི་གཞི་རྒྱུ་དང་གསོན་ཤུགས་བསྣན་ཡོད།

དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་རིགས་ཁག་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཐུན་མོང་ཐོག་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། མི་རིགས་ཁག་གི་རིག་གནས་ལ་མེ་ཏོག་མཉམ་བཞད། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་བཅས་ལས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་ཡང་ཁྱད་ཆོས་མངོན་གསལ་དོད་པོར་བརྟེན་ནས་འཛམ་གླིང་གི་ཤེས་དཔལ་ཁྲོད་འགྱིང་ངེར་གནས་བཞིན་ཡོད།

བདེ་སྐྱིད་དང་པད་ཆོས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明