http://zw.xzqnb.cn/Content/weixinlogo.png
འདམ་གཞུང་རྫོང་སློབ་གསོ་ཅུས་ཀྱིས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་
http://zw.xzqnb.cn/m/content/2023-12/22/000415.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དགུན་དུས་ཀྱི་འགོ་ནད་འགོག་བཅོས་ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

སྡེ་ཚན་མང་པོ་དང་མཉམ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱས་པ།

བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་ཐོག་མར་བྱས་པ།

等待处理…

འདམ་གཞུང་རྫོང་སློབ་གསོ་ཅུས་ཀྱིས།

སྡེ་ཚན་མང་པོ་དང་མཉམ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱས་པ།

2023年12月22日

འདམ་གཞུང་རྫོང་སློབ་གསོ་ཅུས་ཀྱིས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གི་སློབ་གྲྭའི་གཙང་སྦྲ་འཕྲོད་བསྟེན་དང་། མེ་ཟོན་དང་བཟའ་བཅའི་བདེ་འཇགས་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།

ཞིབ་བཤེར་ཚོགས་ཆུང་གིས་སློབ་གྲྭའི་ཕྱི་ནང་དང་འཛིན་གྲྭའི་ཕྱི་ནང་གི་གཙང་སྦྲ་འཕྲོད་བསྟེན་དང་བདེ་འཇགས་ལ་གྲལ་བཤེར་ཞིབ་ཚགས་བྱས་པ་དང་ཁུག་ཆ་མ་ལུས་པ་བྱས་ཏེ། གནད་དོན་ཤེས་མ་ཐག རང་སར་གནད་དོན་ཐད་ཀར་དུ་བཏོན་ནས། ས་ཆ་དངོས་ནས་དག་ཐེར་སྐུལ་འདེད་བྱས་པ་དང་སློབ་གྲྭའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་དོན་འཁྱོལ་ནུས་ལྡན་བྱས་པ་རེད།

འདམ་གཞུང་རྫོང་སློབ་གསོ་ཁོངས་གཏོགས་ཀྱིས་ད་རེས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་གོ་སྐབས་སུ་བྱས་ཏེ། ལམ་ལུགས་དང་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སློབ་གྲྭའི་ཁོར་ཡུག་དང་། གཙང་སྦྲ་འཕྲོད་བསྟེན། བདེ་འཇགས་བཅས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་དགེ་སློབ་ལ་བདེ་འཇགས་དང་གཙང་སྦྲ་ལྡན་པའི་སློབ་གྲྭའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་དང་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། འདམ་གཞུང་རྫོང་སློབ་གསོ་ཁོངས་གཏོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་རྒྱུ་ཡིན་པ་རེད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博