2008ལོ།①
★ ཟླ 1ཚེ15 ཉིན། ཧུའུ་ཅིན་ཐའོ་ ཡིས་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གསུང་བཤད་གནང་ནས། ཆད་གཅོད་དང་རུལ་སུངས་སྔོན་འགོག་གི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པའི་རུལ་རྒོལ་གཙང་སྤེལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
★ ཟླ་3ཚེས་3ནས་ཚེས་14ཉིན་བར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཅ་ཆིང་ལིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་པ་རེད། ★ ཟླ་3ཚེས་5ནས་18ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར》ཆོག་མཆན་སྤྲད་པ་དང་འགན་ནུས་གཅིག་གྱུར་དམ་ཟབ་ཀྱི་་སྡེ་ཚན་ཆེ་མོའི་ལམ་སྲོལ་འཚོལ་ཞིབ་ལག་ལེན་བསྟར་ཡོད། ཚོགས་འདུའི་ཐོག་ཧུའུ་ཅིན་ཐའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ་དང་། ཝུའུ་པང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལ་བདམས་པ། དབུན་ཅ་པའོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
★ ཟླ་5ཚེས་12ཉིན། སི་ཁྲོན་དབུན་ཁྲོན་དུ་ས་ཡོམ་ཆེན་པོ་རིམ་པ་8.0བརྒྱབ་ཅིང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་འོག རང་རྒྱལ་གྱིས་ལོ་རྒྱུས་ཐོག་གི་རོགས་སྐྱོབ་མྱུར་ཤོས་དང་། སྐུལ་སློང་ཁྱབ་ཆེ་ཤོས། སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་བྱས་ནས། ཡོམ་འགོག་གེགས་སེལ་འཐབ་རྩོད་ལ་རྒྱལ་ཁ་གལ་ཆེན་བླངས་ཏེ་དམངས་སེམས་གཅིག་མཐུན་དང་། བློ་སེམས་གཅིག་སྒྲིལ། དཀའ་ངལ་ལ་མི་སྐྲག་པ། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། མི་རྩ་བར་འཛིན་པ། ཚན་རིག་ལ་མཐོང་ཆེན་བཅས་ཀྱི་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་གྲུབ་པ་རེད།
རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།