西藏青年报藏文版ཕྱོགས་བསྡུས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དགུན་དུས་ཀྱི་འགོ་ནད་འགོག་བཅོས་ལས་དོན་ལ་བརྟག་ཞིབ་གནང་བ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། སྡེ་ཚན་མང་པོ་དང་མཉམ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱས་པ། བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་ཐོག་མར་བྱས་པ།

放大 缩小 默认

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དགུན་དུས་ཀྱི་འགོ་ནད་འགོག་བཅོས་ལས་དོན་ལ་བརྟག་ཞིབ་གནང་བ།

ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་ནད་སྒོ་བསྟེན་སྨན་བཅོས་ཁང་དང་། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་སྦྲུམ་མ་དང་བྱིས་ནད་ཚན་ཁག་གི་སྒོ་བསྟེན་སྨན་བཅོས་ཁང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུ་བཅོལ་ཁང་ཨང་བཅུ་བདུན་པ་བཅས་སུ་བསྐྱོད་ནས་དགུན་དུས་ཀྱི་འགོ་ནད་འགོག་བཅོས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྨན་ཁང་གི་ནད་བརྟག་སྨན་བཅོས་དང་། སྨན་རྫས་གསོག་འཇོག སྨན་ཁང་ནང་གི་འགོག་བཅོས་ལས་རེས་ལས་སྡོད་གནས་ཚུལ་སོགས་ཀྱི་སྐོར་སྐད་ཆ་ཞིབ་ཕྲ་དྲིས་པ་དང་། བུ་བཅོལ་ཁང་གིས་དགུན་དུས་དབུགས་ལམ་འགོ་ནད་འགོག་ཟོན་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ། འཛིན་གྲྭའི་དགོངས་ཞུའི་ཟིན་ཐོར་ལྟ་ཀློག་ཡང་བྱས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས་མིག་སྔ་ནི་དབུགས་ལམ་གྱི་ནད་ཕོག་སླ་བའི་ནམ་དུས་ཡིན་པས། འབྲེལ་ཡོད་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཐའ་ཚད་ཀྱི་བསམ་བློ་བརྟན་དུ་གཏོང་བ་དང་ལྷོད་གཡེང་གི་བསམ་བློ་ཁྱད་དུ་བསད་དེ་ལྟ་ཞིབ་ཉེན་ཟོན་སྔོན་བརྡ་གཏོང་བ་དང་འགོག་ཟོན་སྐྱོབ་བཅོས་བྱ་ཐབས་ཁག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། བྱིས་པའི་དབུགས་ལམ་གཉན་ཚད་ཚུད་པའི་གཙོ་གནད་འགོ་ནད་འགོག་བཅོས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།

ཟླ་ཕུར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明