http://zw.xzqnb.cn/Content/weixinlogo.png
ཉེ་ཆར། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་བརྟག་ཞིབ་ཀྱི་ག
http://zw.xzqnb.cn/m/content/2023-12/22/000410.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་བརྟག་ཞིབ་ཀྱི་གྲུབ་འབྲས་སྙན་ཞུའི་ཚོགས་འདུ་འཚོགས་པ།

རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཛེས་སྡུག་ལྡན་པའི་མངའ་རིས་གསར་འཛུགས་བྱེད།

ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

等待处理…

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་བརྟག་ཞིབ་ཀྱི་གྲུབ་འབྲས་སྙན་ཞུའི་ཚོགས་འདུ་འཚོགས་པ།

2023年12月22日

ཉེ་ཆར། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་བརྟག་ཞིབ་ཀྱི་གྲུབ་འབྲས་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། བརྟག་དཔྱད་ཞིབ་འཇུག་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་འབྲེལ་ཡོད་ལས་དོན་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ། བརྟག་ཞིབ་གྲུབ་འབྲས་སྤེལ་རེས། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུཌ་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལའེ་ཅའོ་ཡིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པས་བརྟག་དཔྱད་ཞིབ་འཇུག་ལས་དོན་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་རྟོགས་ངང་ཟུང་འབྲེལ་བྱས་ཏེ། ཇུས་གཞི་ཞིབ་ཚགས་བཟོས་པ་དང་བརྟག་ཞིབ་བྱ་གཞི་2497གཏན་འཁེལ་བྱས་པ་མ་ཟད། གཞི་རིམ་དང་། མང་ཚོགས་འཐབ་ས་དང་པོ་བཅས་སུ་བསྐྱོད་དེ་བརྟག་ཞིབ་བྱེད་ཞོར་གནད་དོན་4383ཐག་གཅོད་བྱས་པར་བརྟེན། བརྟག་ཞིབ་ངོ་མ་དང་། བརྟག་ཞིབ་གཏིང་ཟབ། བརྟག་ཞིབ་ཏན་ཏིག་བཅས་བྱུང་ནས་སྤུས་ཚད་མཐོ་བའི་བརྟག་ཞིབ་ཀྱི་གྲུབ་འབྲས་ཁག་གཅིག་གྲུབ་ཡོད།

ལའེ་ཅའོ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“སྒྲུབ་སྟངས་རྗེས་མའི”བརྟག་ཞིབ་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། མུ་མཐུད་ཤུགས་རྒྱག་པར་སྣང་ཆེན་དང་། བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་དམ་འཛིན། ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བརྟག་ཞིབ་ཀྱི་གྲུབ་འབྲས“འཛུགས་གཏོད་བཞི”ལ་སྐུལ་འདེད་དང“མདུན་གྲལ་དུ་སླེབས་པ་བཞི”ཐུབ་པར་བྱེད་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་སྒྱུར་དགོས། འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ལས་དོན་ལ་སྐུལ་འདེད་ཀྱི་ཕྱོགས་ཚང་མར་ཁྱབ་པར་བྱེད་དགོས་ཤིང་། བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མི་སེམས་ལ་སྔར་བས་ཟུག་པ་དང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་སྔར་བས་སྤུས་ཚད་མཐོ་ལ་ཕན་འབྲས་ཐོན་པ། བརྟག་དཔྱད་ཞིབ་འཇུག་གི་ནུས་པ་སྔར་བས་རྒྱ་ཁྱབ་ཏུ་འདོན་པ། བརྟག་དཔྱད་ཞིབ་འཇུག་གི་ལམ་ལུགས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བརྟག་ཞིབ་ལས་བྱུང་བའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

གནམ་ཕྱུག་རྒྱལ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博