http://zw.xzqnb.cn/Content/weixinlogo.png
གཞོན་ནུ་ནི་བླ་ན་མེད་པའི་མེས་རྒྱལ་གྱི་ས་མཐའ་སྲུང་མཁན་དང་། བདེ་
http://zw.xzqnb.cn/m/content/2023-11/02/000338.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མི་ཕུལ་བྱུང་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

གཞོན་ནུ་ནི་མེས་རྒྱལ་གྱི་ས་མཐའ་སྲུང་མཁན་དང་ཁྱིམ་གཞིས་རྒྱུན་འཛིན་པ་ཡིན།

等待处理…

གཞོན་ནུ་ནི་མེས་རྒྱལ་གྱི་ས་མཐའ་སྲུང་མཁན་དང་ཁྱིམ་གཞིས་རྒྱུན་འཛིན་པ་ཡིན།

作者 བསོད་བཀྲ།
2023年11月02日

གཞོན་ནུ་ནི་བླ་ན་མེད་པའི་མེས་རྒྱལ་གྱི་ས་མཐའ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་གྱིས་གདོང་ལེན་པ་ཞིག་ཡིན། རང་རྒྱལ་གྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་མཆོག་ནས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་དགོངས་དོན་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱེད་པ་དང་། གཞོན་ནུའི་རྒྱལ་གཅེས་ཀྱི་བསམ་བློར་ཁྲིད་སྟོན་གྱིས་མཐའ་སྲུང་འགན་འཁྲི་ཁུར་ནས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་གྱི་ཁ་ཕྱོགས་གཏོད་པ་མ་ཟད། རྒྱལ་གཅེས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་རྟོགས་དང་གཏིང་ཟབ་ཐུབ་པ་བྱས་ནས། མེས་རྒྱལ་གྱི་ས་མཐའ་སྲུང་རྒྱུ་དེ་གཞོན་ནུའི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་འཇོག་དགོས།

གཞོན་ནུས་རང་ཉིད་ཀྱི་བསམ་བློར་དྲག་ཆས་སྤྲོད་རྒྱུ་དང་། བྱ་སྤྱོད་ལུགས་མཐུན་ལག་བསྟར་བྱས་ཏེ་གཞོན་ནུའི་འགན་འཁྲི་ཁུར་ནུས་ཆེ་རུ་གཏོང་བ་དང་། བསམ་བློ་ཡང་དག་གཅིག་མཐུན་མཐའ་འཁྱོངས་ཀྱིས་དུས་རབས་ཀྱི་ཤེས་ཡོན་གཉིས་ལྡན་གྱི་མི་གསར་པ་བྱེད་ཕོད་པ་བྱེད་དགོས།

གཞོན་ནུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་ཏེ་གཞོན་ནུ་ཁྲིད་སྟོན་དང་། འགྲན་བསྡུར་ཧུར་ཐག རིག་གཞུང་ལ་ཞིབ་འཇུག་དང་དོན་དངོས་ལག་ལེན་ལས་འབྲས་བུ་མངོན་ཐུབ་པ། ཕྱོགས་ཡོངས་ནས་གཞོན་ནུའི་ཕུགས་བསམ་ལ་སྣང་ཆེན་བྱས་ནས་གཞོན་ནུའི་བྱ་གཞག་ལ་གཡུར་ཟའི་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས།

དེང་རབས་ཀྱི་གཞོན་ནུ་ཚོས་ཚན་རིག་རིག་གཞུང་ལ་སློབ་སྦྱོང་ཡར་བརྩོན་དང་བེད་སྤྱོད་ལག་ལེན་གཉིས་ཐོག་ནས་གྲོང་གསེབ་དར་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་བཅས་ནང་ཞུགས་པ་མ་ཟད། ལྗང་མདོག་གི་གདོང་ལེན་པ་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་། སྟོབས་ཤུགས་ཀྱི་སྙིང་རུས་མཐའ་འཁྱོངས་བྱ་རྒྱུ་ནི་གཞོན་ནུའི་ཁ་ས་དགོས་གཏུགས་ཀྱི་ལས་འགན་ཡིན།

གཞོན་ནུས་སྤྱི་ཚོགས་ཁྲོད་རང་འགུལ་ངང་བྱ་གཞག་བསྐྲུན་པ་དང་། ཚུལ་མཐུན་གྱིས་ཇུས་འདོན་ཧུར་ཐག་བྱེད་པ། ཉམས་མྱོང་སྤེལ་རེས་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཤེས་དཔལ་དར་སྲོལ་གསར་པ་སྐྱེད་སྲིང་དང་། དུས་རབས་ཀྱི་གཞོན་ནུ་འཇོན་ཐང་ཅན་ཞིག་ཆགས་པ་བྱེད་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས།

བསོད་བཀྲ། བསོད་བསྟན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博