2003ལོ།②
★ ཟླ་10ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པའི་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་རེད།
★ ཟླ་10ཚེས་11ནས་14 ཉིན་བར། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ཡོད།
★ ཟླ་10ཚེས་15དང་16 ཉིན། ལྷ་གྲུ་ཨང་ལྔ་པའི་མི་ཞུགས་འཕུར་གྲུ་བདེ་བླག་ངང་བར་སྣང་དུ་བཏང་བ་མ་ཟད། བདེ་འཇགས་ངང་ཕྱིར་ལོག་ཐུབ་པ་དང་། ཐེངས་དང་པོར་མི་ཞུགས་མཁའ་འགྲུལ་འཕུར་སྐྱོད་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཀྲུང་གོ་འདི་ཉིད་འཛམ་གླིང་དུ་རང་ཚུགས་ཀྱིས་མི་ཞུགས་མཁའ་འགྲུལ་ལག་རྩལ་ལ་སྟངས་འཛིན་ཐུབ་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར།
★ ཟླ་12ཚེས་10ཉིན། ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིམ་པ་མཐོ་བའི་ཆབ་སྲིད་ཚོགས་འདུའི་ཐོག《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ངོ་རྒོལ་གྱི་སྤྱི་ཆིངས》ལ་ མིང་རྟགས་བཀོད་ཡོད། 2005 ལོའི་ཟླ་10ཚེས་27ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་གྱི་སྤྱི་ཆིངས》ལ་གྲོས་ཞིབ་བྱས་པ་དང་འབྲེལ་ཆོག་མཆན་བཀོད་ཡོད། 2006ལོའི་ཟླ་2པར་རང་རྒྱལ་འདི་ཉིད《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་གྱི་སྤྱི་ཆིངས》ཀྱི་ཆིངས་བཞག་རྒྱལ་ཁབ་ཏུ་གྱུར་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད།
★ ཟླ་12ཚེས་19ཉིན། ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་ཤེས་ལྡན་པའི་ལས་དོན་ཚོགས་འདུའི་ཐོག་ཤེས་ལྡན་པས། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱེད་པར་ངེས་པར་དུ་དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་འཚམ་པའི་ཚན་རིག་དང་མཐུན་པའི་ཤེས་ལྡན་པའི་ལྟ་བ་ཆགས་པར་བྱས་ཏེ། རང་རྒྱལ་འདི་ཉིད་མི་འབོར་གྱི་རྒྱལ་ཁབ་ཆེན་པོ་ནས་ཤེས་ལྡན་པའི་ཐོན་ཁུངས་ཀྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས་ཤིང་། ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཤེས་ལྡན་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་པ་རེད།
རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།